79194

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:21, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་མེད་ཀྱི་དོན་སྒྲུབ་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། དེེ་བཞིན་གཤེགས་པས་འགྲོ་བའི་དོན་མཛད་ཚུལ་ལ། རྟེན་ཅན་གྱི་དོན་བྱེད་པ་དང་། རྟེན་མེད་ཀྱི་དོན་བསྒྲུབ་པ་དང་། གནས་ལུགས་ངོ་བོ་ཉིད་ཀྱི་དོན་བྱེད་པ་བཅས་བཞེད་ལུགས་མི་འདྲ་བ་གསུམ་དུ་བྱུང་བའི་ཡ་གྱལ་ལས་གཉིས་པ་རྒྱ་གར་གྱི་སློབ་དཔོན་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོ་སོགས་ཀྱི་བཞེད་པར་གསུངས་ཏེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། སྤྱིར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་དོན་མཛད་པ་དང་། ཁྱད་པར་དུ་གསང་བའི་བསྟན་པ་རྒྱུད་འདི་ཉིད་ཀྱིས་དོན་མཛད་པ་གཉིས་ཀའི་ཚུལ་ནི་གསུམ་དུ་བྱུང་སྟེ། རྟེན་ཅན་གྱི་དོན་བྱེད་པར་འདོད་པ་བྲམ་ཟེ་མཆོད་སྡོང་སྒྲུབ་པ་ལྟ་བུ། རྟེན་མེད་ཀྱི་དོན་བསྒྲུབ་པར་འདོད་པ་དྲང་སྲོང་དམོད་པ་སྒྲུབ་པ་ལྟ་བུ། གནས་ལུགས་ངོ་བོ་ཉིད་ཀྱི་དོན་བྱེད་པར་འདོད་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་དང་གསུམ་ལས། ལུགས་གཉིས་པ་ནི། དཔེར་ན་དམོད་པ་གྲུབ་པའི་དྲང་སྲོང་ཞིག་གིས་དམོད་པ་བསྒྲུབས་ནས་བཞག་པས། དྲང་སྲོང་ཁོ་རང་ཚེའི་དུས་བྱས་ཀྱང་གཞན་སྣང་དུ་ཁོའི་དམོད་པ་ཇི་ལྟ་བ་འབྱུང་བ་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པའི་དུས་སུ་སྨོན་ལམ་རྒྱ་ཆེར་བཏབ་པའི་མཐུས་གདུལ་བྱ་རྣམས་ཀྱི་ངོར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་གདུལ་བྱ་གང་ལ་གང་འདུལ་དེ་ལ་དེར་བསྟན་པ་ལྟར་སྣང་བར་ཟད་ཀྱི། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པ་སངས་རྒྱས་པའི་དུས་ན་ཡུལ་ཡུལ་ཅན་གྱི་གཟུང་འཛིན་བག་ཉལ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་རིག་པ་རྒྱུན་ཆད་པའི་ཕྱིར་ཡེ་ཤེས་ཀྱང་མ་གྲུབ་པར་འདོད་པ་ནི། རྒྱ་གར་ན་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་། བོད་ན་རོང་ཟོམ་ཆོས་ཀྱི་བཟང་པོ་ལ་སོགས་པའི་བཞེད་པ་ཡིན་ནོ། །ཞེས་གསུངས། རྟེན་ཅན་གྱི་དོན་བྱེད་པ་ལའང་གཟིགས།
Domain ཆོས་ལུགས།

{{#arraymap:རྟེན་མེད་ཀྱི་དོན་སྒྲུབ་པ་

|; |@@@ | | }}