79216

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་འབྲེལ་ཉོན་མོངས་པའི་དཔེ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྟེན་འབྲེལ་མཚོན་པའི་དཔེ་སྟོན་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཉོན་མོངས་པ་ས་བོན་དང་འདྲ་བར་བསྟན་པ་སྟེ། ཉོན་མོངས་པ་ལས་ཉོན་མོངས་པ་དང་ལས་དང་གཞི་རྣམས་སྐྱེ་བ་ནི། ས་བོན་ལས་སྡོང་བུ་དང་ལོ་མ་ལ་སོགས་པ་སྐྱེ་བ་བཞིན་ནོ། །དཔེར་ན་ཀླུ་གནས་པའི་མཚོ་བསྐམས་པར་མི་འགྱུར་བ་བཞིན། ཉོན་མོངས་པའི་ཀླུ་གནས་པའི་སྐྱེ་བའི་མཚོ་ཡང་མི་སྐམ་མོ། །ལྗོན་ཤིང་རྩ་བ་ནས་མ་ཕྱུང་བ་རྣམས་བཅད་ཅིང་བཅད་ཀྱང་སླར་སྐྱེ་བར་འགྱུར་བ་བཞིན། ཉོན་མོངས་པ་རྩ་བ་ནས་མ་བཏོན་པའི་འགྲོ་བ་རྣམས་དེ་བཞིན་ནོ། །ལྗོན་ཤིང་རྣམས་དུས་དུས་སུ་མེ་ཏོག་དང་འབྲས་བུ་རྣམས་སྐྱེད་པར་བྱེད་པ་དེ་བཞིན་དུ། ཉོན་མོངས་པ་རྣམས་ཀྱང་ལན་ཅིག་མ་ཡིན་པར་ཉོན་མོངས་པ་དང་ལས་དང་གཞི་རྣམས་ཀྱི་རྒྱུ་ཡིན་ནོ། །ཤུན་པ་དང་བཅས་པའི་འབྲས་ཐུག་པོ་ཆེ་རྣམས་སྐྱེ་བར་ནུས་ཀྱི། འབའ་ཞིག་པ་དག་ནི་མ་ཡིན་པ་བཞིན་ཉོན་མོངས་པས་ཐོབ་པའི་ཤུན་པ་དང་བཅས་པའི་ལས་རྣམས་ནི་དེ་བཞིན་དུ་སྐྱེ་བར་ནུས་ཀྱི། འབའ་ཞིག་པ་ནི་མ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:རྟེན་འབྲེལ་ཉོན་མོངས་པའི་དཔེ་

|; |@@@ | | }}