79229

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་འབྲེལ་ཡན་ལག་བཅུ་གཉིས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། མ་རིག་པ་ནི་ཡང་སྲིད་ཀྱི་རྒྱུའི་ལས་ཀུན་ནས་སློང་ནུས་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་ཏེ། དབྱེ་ན་ལས་འབྲས་ལ་རྨོངས་པ་དང། དེ་ཁོ་ན་ཉིད་ལ་རྨོངས་པ་གཉིས་སོ། །འདུ་བྱེད་ནི་ལས་འགྲུབ་བྱེད་ཀྱི་སེམས་པ་དང་དེས་སྐྱེད་པའི་ཡང་སྲིད་འཕེན་བྱེད་བསམ་པའི་ལས་སོ། །རྣམ་ཤེས་ནི་འདུ་བྱེད་ཀྱིས་བཞག་པའི་ཡང་སྲིད་སྐྱེད་པའི་ལས་ཀྱི་ས་བོན་ཅན་ཏེ། ཉན་ཐོས་སྡེ་གཉིས་ལྟར་ན་ཡིད་ཤེས་སོ། །སེམས་ཙམ་པས་ཀུན་གཞིར་བཞེད་ཅིང་དེ་ཡང་ས་བོན་བཞག་ཙམ་རྒྱུ་དུས་ཀྱི་རྣམ་ཤེས་དང་ལས་དེ་ནུས་པ་བརྟས་ཏེ་སྐྱེ་གནས་སུ་ཁྲིད་དུས་ཀྱི་འབྲས་དུས་ཀྱི་རྣམ་ཤེས་གཉིས་སོ། །མིང་གཟུགས་ནི་རྣམ་ཤེས་དེ་མངལ་དུ་ཞུགས་པས་གྲུབ་པའི་ཕུང་པོ་ལྔའོ། །སྐྱེ་མཆེད་དྲུག་ནི་མིང་གཟུགས་དེ་འཕེལ་བས་མིག་སོགས་དྲུག་ཚང་བའོ། །རེག་པ་ནི་ཡུལ་དབང་རྣམ་ཤེས་གསུམ་འདུས་ནས་དབང་པོའི་འགྱུར་བ་དང་འདྲ་བའི་ཡུལ་སྤྱོད་པ་སྟེ། རེག་པའི་ཚོགས་དྲུག་གོ ། ཚོར་བ་ནི་ཡུལ་དང་རྣམ་སྨིན་ལ་ལོངས་སྤྱོད་པའི་མྱོང་བ་སྟེ་བདེ་སྡུག་སོགས་གསུམ་མམ། ཡིད་བདེ་སོགས་ལྔའོ། །སྲེད་པ་ནི་ཚོར་བ་ལ་བླང་དོར་དུ་འདོད་ཆགས་པ་སྟེ། ཁམས་གསུམ་གྱི་སྲེད་པ་གསུམ་མམ་འདོད་སྲེད་འཇིག་སྲེད་སྲིད་སྲེད་གསུམ་མོ། །ལེན་པ་ནི་ལྟ་བ་སོགས་བཞི་ལ་འདུན་ཅིང་ཆགས་པ་སྟེ་ཟག་བཅས་མ་འོངས་པ་ལ་འདུན་པ་དང་ད་ལྟ་བ་ལ་ཆགས་པ་གཉིས་སམ། འདོད་པ་ཉེ་བར་ལེན་པ་སོགས་བཞིའོ། །སྲིད་པ་ནི་ལས་ཀྱི་ནུས་པ་མཐུ་ཅན་དུ་སྐྱེ་བ་བསྐྱེད་པར་ངེས་པ་སྟེ། འཆི་བའི་ཚེ་ལེན་པས་ལས་ཀྱི་ས་བོན་བརྟས་པར་བྱས་པས་འགྲོ་བ་བྱེ་བྲག་ཅན་དུ་ངེས་པར་བྱེད་ལ། མཚམས་མེད་ཀྱི་ལས་ནི་བྱས་མ་ཐག་ཏུ་ངེས་པར་བྱེད་ཀྱང་འཕྲལ་དུ་དམྱལ་བ་སོགས་སུ་མི་སྐྱེ་བ་ནི་སྔོན་གྱི་རྣམ་སྨིན་གྱི་ལྷག་མ་ལུས་པའོ། །མདོར་སྲིད་པ་དང་བདུན་གསུངས་པའི་ལས་ཀྱི་སྲིད་པ་སྟེ། དབྱེ་ན་ཁམས་གསུམ་གྱི་ལས་སྲིད་གསུམ་མོ། །སྐྱེ་བ་ནི་མིང་གཟུགས་སོགས་སྔར་མ་བྱུང་བ་ལས་བྱུང་བའོ། །རྒ་ཤི་ནི་ཕུང་པོའི་རྒྱུན་གཞན་དུ་འགྱུར་བ་དང་ཆད་པའོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:རྟེན་འབྲེལ་ཡན་ལག་བཅུ་གཉིས་

|; |@@@ | | }}