79245

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་འབྲེལ་རབ་གསལ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པ། རྟེན་འབྲེལ་གྱི་རྣམ་པར་གཞག་པ་འཁོར་འདས་རབ་གསལ་ཞེས་བྱ་བ། འདིའི་བརྗོད་བྱ་ནི་གྲུབ་མཐའ་སྨྲ་བ་བཞི་སྟེ། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་ཀྱི་ལུགས་སོ་སོའི་རྟེན་འབྲེལ་གྱི་རྣམ་གཞག་རྒྱ་ཆེར་སྟོན་ཅིང་། སོ་སོའི་སྐབས་སུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ངོ་བོ་དང་། བྱེད་ལས། ལུགས་འབྱུང་ལྡོག ཡན་ལག་བཅུ་གཉིས་པོ་རྒྱུ་འབྲས་གཉིས་སུ་བསྡུ་བ་དང་། ཀུན་ནས་ཉོན་མོངས་གསུམ་དུ་བསྡུ་བ། འཕེན་འགྲུབ་ཀྱི་ཡན་ལག་བཞིར་བསྡུ་བ། རྟེན་འབྲེལ་གྱི་ས་མཚུངས། མདོ་ལས་གསུངས་པའི་རྟེན་འབྲེལ་དང་འཁོར་བས་བསྡུས་པའི་རྟེན་འབྲེལ་གྱི་ཁྱད་པར། ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བའི་རྟེན་འབྲེལ་གྱི་ཁྱད་པར་སོགས་ལུང་རིགས་མཐའ་དཔྱོད་དང་བཅས་པའི་སྒོ་ནས་རྒྱས་པར་སྟོན་པའི་བསྟན་བཅོས་ཤིག་གི་མཚན། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེས། བོད་རབ་བྱུང་བརྒྱད་པའི་ལྕགས་ཕོ་སྟག་གི་ལོ་(ཕྱི་ལོ་༡༤༧༠)གྲོ་བཞིན་ཟླ་བ་ལ་རྟ་ནག་གསེར་གླིང་གི་དགོན་པར་མཛད་པའོ། །

{{#arraymap:རྟེན་འབྲེལ་རབ་གསལ་

|; |@@@ | | }}