79249

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟེན་འབྲེལ་ལུགས་འབྱུང་ (1)
Part of speech མིང་ཚིག
Definition མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་དང་འདུ་བྱེད་ཀྱིས་རྣམ་ཤེས་སོགས་རྟེན་འབྲེལ་བཅུ་གཉིས་གོ་རིམ་བཞིན་འབྱུང་བ་སྟེ། ཉོན་མོངས་པ་ལས་ཉོན་མོངས་པ་སྐྱེ་སྟེ། སྲེད་པ་ལས་སྲེད་པའོ། ཉོན་མོངས་པ་ལས་ལས་ཏེ། ལེན་པ་ལས་སྲིད་པ་དང་། མ་རིག་པ་ལས་བྱ་བ་འདུ་བྱེད་རྣམས་ཉིད་དོ། །ལས་དེ་ལས་གཞི་སྟེ་འདུ་བྱེད་རྣམས་ལས་རྣམ་པར་ཤེས་པ་དང་། སྲིད་པ་ལས་སྐྱེ་བའོ། །གཞི་ལས་གཞི་སྟེ་རྣམ་པར་ཤེས་པ་ལས་མིང་དང་། གཟུགས་ནས་རེག་པ་ལས་ཚོར་བའི་བར་དང་། སྐྱེ་བ་ལས་རྒ་ཤིའོ། །གཞི་ལས་ཉོན་མོངས་པ་སྟེ། ཚོར་བ་ལས་སྲེད་པའོ། །འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ལུགས་རྣམ་པར་གཞག་པ་ཡིན་པས་མ་རིག་པ་ཉོན་མོངས་པའི་རང་བཞིན་ཡང་ཉོན་མོངས་པ་ལས་སྐྱེ་བར་འགྱུར་རོ། །རྒ་ཤི་ནི་ཚོར་བ་ལ་ཐུག་པའི་གཞི་ལས་ཀྱང་ཉོན་མོངས་པ་འབྱུང་ངོ་། །
Domain ཆོས་ལུགས།

{{#arraymap:རྟེན་འབྲེལ་ལུགས་འབྱུང་

|; |@@@ | | }}