79288

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟོག་པ་ (1)
Part of speech མིང་ཚིག
Definition བསམ་པའམ་རྣམ་རྟོག

{{#arraymap:རྟོག་པ་

|; |@@@ | | }}

རྟོག་པ་ (2)
Part of speech མིང་ཚིག
Definition རྟོག་བཅས་རྟོག་མེད་ཀྱི་ཟླས་ཕྱེ་བའི་རྟོག་པ་སྟེ། སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག དཔེར་ན་བུམ་འཛིན་རྟོག་པ་ལྟ་བུ། བུམ་པའི་མིང་གི་ཆ་འདྲ་བློ་ལ་སྣང་བ་དང༌། བུམ་པའི་ཆ་འདྲ་སྣང་བ་གཉིས་ཀ་བུམ་པའི་སྒྲ་སྤྱི་དང་དོན་སྤྱི་གཉིས་པོ་འདྲེས་པའམ་འདྲེས་ཆོག་ཆོག་གི་ཚུལ་དུ་འཛིན་པ་སྟེ་སྣང་བའི་སྒོ་ནས་རང་ཡུལ་ལ་ཞེན་པའི་ཤེས་པའོ། །རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྟོག་པའི་མཚན་ཉིད། རང་གི་སྣང་ཡུལ་ཡིན་ན་སྤྱི་མཚན་ཡིན་དགོས་པ། ཞེས་དང་། རྟོག་པ་ལ་སྦྱོར་ཚུལ་གྱི་སྒོ་ནས་དབྱེ་ན། སྒྲ་སྦྱོར་རྟོག་པ་དང་དོན་སྦྱོར་རྟོག་པ་གཉིས། ཞེས་དང་། རྟོག་པ་ལ་སྣང་ཡུལ་གྱི་སྒོ་ནས་དབྱེ་ན། སྒྲ་སྤྱི་རྐྱང་པ་སྣང་བ་དང༌། དོན་སྤྱི་རྐྱང་པ་སྣང་བ་དང། གཉིས་ཀ་སྣང་བའི་རྟོག་པ་གསུམ། ཞེས་དང་། རྟོག་པ་ལ་དགོས་པའི་སྒོ་ནས་དབྱེ་ན། བརྡ་རྟེན་ཅན་གྱི་རྟོག་པ་དང༌། དོན་གཞན་ལ་སྒྲོ་འདོགས་པའི་རྟོག་པ་དང༌། ལྐོག་ཏུ་གྱུར་པའི་དོན་གྱི་རྟོག་པ་གསུམ། ཞེས་གསུངས།
Domain ཚད་མ།

{{#arraymap:རྟོག་པ་

|; |@@@ | | }}

རྟོག་པ་ (3)
Part of speech མིང་ཚིག
Definition མངོན་པ། རྟོག་དཔྱོད་གཉིས་ཀྱི་ཟླས་ཕྱེ་བའི་རྟོག་པ་སྟེ། གཞན་འགྱུར་བཞིའི་ནང་གསེས། ཁ་ཕྱི་རོལ་ཏུ་བལྟས་པས་རྩིང་བའི་རྣམ་པ་ཅན་གྱི་ཤེས་པའོ། །ས་མཚམས་ནི། འདོད་ཁམས་དང་བསམ་གཏན་དང་པོ་ཙམ་པོ་བར་ཡོད། དབྱེ་ན། ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་སོགས་གསུམ་མོ། །
Domain ཆོས་ལུགས།

{{#arraymap:རྟོག་པ་

|; |@@@ | | }}

རྟོག་པ་ (1)
Part of speech མཚུངས་ཚིག
Definition མཚུངས་གསལ་གྱི་སྒྲ་སྡེ་ཚན་གཉིས་པའི་བཅུ་གཉིས་པ་འདྲ་བའི་དོན་གསལ་བར་བྱེད་པ་སྟེ། དཔེ་དང་དཔེ་ཅན་གཉིས་ཕན་ཚུན་མཚུངས་པར་སྦྱོར་བྱེད་ཀྱི་ཚིག་གྲོགས་ཡིན།
Example རྒྱལ་དབང་ལྔ་པས། མཐའ་བྲལ་ཟླ་བའི་མ་མའི་གཏིང་དཔག་གིས། །ཆོས་ཀུན་གཞལ་བའི་ཐུགས་ཀྱི་ཚད་ལ་རྟོག། །ཅེས་པ་ལྟ་བུའོ། །
Domain རྩོམ་རིག

{{#arraymap:རྟོག་པ་

|; |@@@ | | }}