79329

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟོག་པ་ལོག་ཤེས་ (1)
Part of speech མིང་ཚིག
Definition རྟོག་པ་ལོག་ཤེས་ཀྱི་མཚན་ཉིད་ནི། སེལ་བའི་འཛིན་སྟངས་ཀྱིས་ཡུལ་གྱི་གནས་ཚུལ་གྱི་འགལ་ཟླ་འཛིན་པའོ། །དབྱེ་བ་ལ། མངོན་སུམ་གྱི་ཡུལ་ལ་ལོག་པར་རྟོག་པ་དང་། རྗེས་དཔག་གི་ཡུལ་ལ་ལོག་པར་རྟོག་པ་གཉིས་སོ། །དང་པོ་ནི། རང་བློ་ལྐོག་གྱུར་དུ་འཛིན་པའི་བློ་ཆོས་ཅན། མངོན་སུམ་གྱི་ཡུལ་ལ་ལོག་ཞུགས་ཡིན་ཏེ། མངོན་སུམ་ཚད་མའི་ཡུལ་གྱི་ལོག་ཕྱོགས་སེལ་བའི་འཛིན་སྟངས་ཀྱི་འཛིན་པའི་ཕྱིར། གཉིས་པ་ནི། སྒྲ་རྟག་འཛིན་གྱི་སྒྲོ་འདོགས་ཆོས་ཅན། ལྐོག་གྱུར་ལ་ལོག་ཞུགས་ཡིན་ཏེ། རྗེས་དཔག་གི་ཡུལ་གྱི་ལོག་ཕྱོགས་མཐའ་གཅིག་ཏུ་འཛིན་པའི་ཕྱིར། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །
Domain ཚད་མ།

{{#arraymap:རྟོག་པ་ལོག་ཤེས་

|; |@@@ | | }}

རྟོག་པ་ལོག་ཤེས་ (2)
Part of speech མིང་ཚིག
Definition ལོག་ཤེས་སུ་གྱུར་པའི་རྟོག་པ་སྟེ།
Example རི་བོང་གི་རྭ་དང་གང་ཟག་གི་བདག་ཡོད་པར་འཛིན་པའི་རྟོག་པ་ལྟ་བུའོ། །

{{#arraymap:རྟོག་པ་ལོག་ཤེས་

|; |@@@ | | }}

རྟོག་པ་ལོག་ཤེས་ (3)
Part of speech མིང་ཚིག
Definition ལོག་ཤེས་ཀྱི་ནང་གསེས་ཏེ། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་ཞེན་རིག
Example སྒྲ་རྟག་འཛིན་རྟོག་པ་དང༌། གང་ཟག་བདག་འཛིན་གྱི་རྟོག་པ་དང༌། རི་བོང་རྭ་འཛིན་རྟོག་པ་ལྟ་བུ་མིན་པ་ལ་ཡིན་པ་དང༌། མེད་པ་ལ་ཡོད་པར་འཛིན་པའི་རྟོག་པའོ། །

{{#arraymap:རྟོག་པ་ལོག་ཤེས་

|; |@@@ | | }}