79343
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། ཐལ་འགྱུར་པ། རྟོག་པས་བརྡ་སྦྱར་བ་ཙམ་སྟེ། མཁས་གྲུབ་རྗེའི་སྟོང་མཐུན་སྐལ་བཟང་མིག་འབྱེད་ལས། ཆོས་ཉིད་བདེན་པར་མེད་པའི་ཕྱིར་རྟོག་པས་བརྟགས་པ་ཙམ་དུ་ངེས་པར་འདོད་པར་རིགས་ཏེ་འདི་ལྟར། ཆོས་ཉིད་ཅེས་པའི་ཐ་སྙད་ཙམ་ཞིག་གི་གནོད་མེད་དུ་ཡོད་ལ། ཆོས་ཉིད་ཅེས་པའི་ཐ་སྙད་འདི་སྦྱོར་བ་པོ་མེད་པར་རང་འཁྲུངས་སུ་བྱུང༌བ་ཡང་མ་ཡིན་ལ། རྟོག་མེད་ཤེས་པས་བརྡ་སྦྱར་བ་ཡང་མ་ཡིན་པའི་ཕྱིར་འདི་ནི་རྟོག་པས་བརྡ་སྦྱར་བ་ཙམ་དུ་གྲུབ་བོ། །ཆོས་ཉིད་ཅེས་པའི་ཐ་སྙད་རྟོག་པས་བརྡ་སྦྱར་བ་འདི་ཙམ་གྱི་རྗེས་སུ་འབྲངས་ནས་རིགས་པས་མ་དཔྱད་པར་ཞུགས་ན་ཆོས་ཉིད་བཞག་པར་ནུས་ཀྱི། ཆོས་ཉིད་ཅེས་པའི་ཐ་སྙད་རྟོག་པས་བཏགས་པ་འདི་ཙམ་གྱིས་མ་ཚིམ་པར་ཐ་སྙད་དེ་གང་ལ་འཇུག་པའི་འཇུག་གཞི་ཇི་འདྲ་ཞིག་ཏུ་གྲུབ་པའི་རིགས་པས་བཙལ་ན་ཅུང་ཟད་ཀྱང་མི་རྙེད་པས། དེ་ལྟར་བཙལ་ན་ཆོས་ཉིད་ཀྱང་བཞག་པར་མི་ནུས་པའི་ཕྱིར་ཆོས་ཉིད་འཇོག་པ་ནི་ཆོས་ཉིད་ཅེས་པའི་ཐ་སྙད་རྟོག་པས་བཏགས་པ་དེ་ཙམ་གྱིས་རྗེས་སུ་རིགས་པས་མ་དཔྱད་པར་འཇུག་པ་ལ་རག་ལས་པས་ཆོས་ཉིད་ཀྱང་རྟོག་པས་བཏགས་པ་ཙམ་མོ་ཞེས་བྱ་བར་གྲུབ་བོ། །ཞེས་དང་། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཆོས་ཉིད་རྟོག་པས་བཏགས་ཙམ་ཡིན་པར་ཐལ། ཆོས་ཉིད་ཅེས་པའི་ཐ་སྙད་དེ་བསྙོན་མེད་དུ་འབྱུང༌། དེ་ཡང་བརྡ་སྦྱར་བ་པོ་ལ་མ་བལྟོས་པར་རང་གྲུབ་ཏུ་ཡང་མ་བྱུང༌། རྟོག་མེད་ཤེས་པས་བརྡ་སྦྱར་བ་ཡང་མ་ཡིན་པར་རང་འཛིན་རྟོག་པས་བཏགས་པ་ཙམ་ཡིན་པའི་ཕྱིར། རྟོག་མེད་ཤེས་པས་བརྡ་སྦྱར་བ་མ་ཡིན་ཏེ། ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེས་ཆོས་ཉིད་ཅེས་པའི་ཐ་སྙད་མི་བྱེད་པའི་ཕྱིར། ཞེས་གསུངས། དོན་གཅིག་ལ། མིང་ཙམ་དང་། བརྡ་ཙམ། རྟོག་པས་བཏགས་ཙམ། རྟོག་པས་བཞག་ཙམ། རྟོག་པའི་དབང་གིས་བཞག་ཙམ། མིང་བརྡས་བཞག་ཙམ། མིང་བརྡའི་དབང་གིས་བཞག་ཙམ། མིང་དུ་བཏགས་པ་ཙམ། མིང་གི་ཐ་སྙད་ཀྱི་དབང་གིས་བཞག་ཙམ། བློའི་དབང་གིས་བཞག་ཙམ་རྣམས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྟོག་པས་བཏགས་ཙམ་
|; |@@@ | | }}