79352

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟོག་མེད་ཀྱི་ཤེས་པ་ (1)
Part of speech མིང་ཚིག
Definition སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་དང་བྲལ་བའི་ཤེས་པ་སྟེ། མངོན་སུམ་གྱི་ཤེས་པ་རྣམས་དང༌། མངོན་སུམ་ལྟར་སྣང་གི་ཤེས་པ་རྣམས་སོ། །
Domain ཚད་མ།

{{#arraymap:རྟོག་མེད་ཀྱི་ཤེས་པ་

|; |@@@ | | }}

རྟོག་མེད་ཀྱི་ཤེས་པ་ (2)
Part of speech མིང་ཚིག
Definition རྟོག་མེད་ཀྱི་ཤེས་པ་ཞེས་པ་ནི། རང་ཡུལ་དོན་སྤྱི་དང་མ་འདྲེས་པའི་སྒོ་ནས་གསལ་བར་སྣང་བའི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། གསལ་སྣང་ཅན་གྱི་ཤེས་པ་རྟོག་མེད་ཀྱི་ཤེས་པའི་མཚན་ཉིད། རང་གི་དངོས་ཡུལ་གསལ་བར་སྣང་བའི་ཤེས་པ། རང་ཉིད་རྟོག་མེད་ཀྱི་ཤེས་པ་ཡིན་པའི་མཚན་ཉིད། དེ་ལ་དབྱེ་ན། རྟོག་མེད་འཁྲུལ་ཤེས་དང། རྟོག་མེད་མ་འཁྲུལ་བའི་ཤེས་པ་གཉིས་ལས། དང་པོ་དང། རྟོག་མེད་ལོག་ཤེས། མེད་པ་གསལ་སྣང་ཅན་གྱི་ཤེས་པ་རྣམས་དོན་གཅིག་ཞེས་གསུངས།

{{#arraymap:རྟོག་མེད་ཀྱི་ཤེས་པ་

|; |@@@ | | }}