79356
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མངོན་སུམ་ལྟར་སྣང་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། མཚན་ཉིད་དང་དབྱེ་བ་སྔར་བཤད་ཟིན་ཏོ། །ཞེས་དང་། གོང་དུ་དེ་ཉིད་ལས། དང་པོ(་རྟོག་མེད་འཁྲུལ་ཤེས་)འི་མཚན་ཉིད། རང་གི་བདག་རྐྱེན་དབང་པོ་བསླད་པ་ལས་བྱུང་བའི་ཤེས་པ། དབྱེ་ན། དབང་ཤེས་འཁྲུལ་པ་དང༌། རྟོག་མེད་ཡིད་ཤེས་འཁྲུལ་པ་གཉིས། ཞེས་གསུངས་སོ། ། |
Domain | ཚད་མ། |
{{#arraymap:རྟོག་མེད་མངོན་སུམ་ལྟར་སྣང་
|; |@@@ | | }}