79362

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟོག་མེད་ལོག་ཤེས་ཀྱི་འཁྲུལ་རྒྱུ་ (1)
Part of speech མིང་ཚིག
Definition ཚད་མ། རྟོག་མེད་འཁྲུལ་རྒྱུ་ལ་མཐའ་ཡས་པ་ཡོད་ཀྱང་འཁྲུལ་རྒྱུ་གང་ལ་གནས་པའི་ཡུལ་གྱི་དབྱེ་བས་གསུམ་སྟེ། ཡུལ་ལ་ཡོད་པ་དང་། རྟེན་ལ་ཡོད་པ་དང་། གནས་ལ་ཡོད་པའོ། །དང་པོ་ནི། མགལ་མེ་མྱུར་དུ་བསྐོར་བ་ལྟ་བུ་སྟེ། དེས་ནང་གི་དབང་པོ་བསླད་པས་ཕྱི་རོལ་དུ་མགལ་མེ་ཐག་ཞགས་ཀྱི་རྣམ་པར་སྣང་བའི་ཕྱིར་རོ། །གཉིས་པ་ནི། མིག་ལ་རབ་རིབ་ཀྱི་སྐྱོན་ཞུགས་པ་ལྟ་བུ་སྟེ། དེས་དབང་པོ་བསླད་པས་སྐྲ་ཤད་འཛག་པར་སྣང་བའི་ཕྱིར་རོ། །གསུམ་པ་ནི། ཆུ་ལ་མགྱོགས་པར་འགྲོ་བའི་གྲུ་ལྟ་བུ་སྟེ། དེས་དབང་པོ་བསླད་པས་ལྗོན་ཤིང་འགྲོ་བར་སྣང་བའི་ཕྱིར་རོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། །

{{#arraymap:རྟོག་མེད་ལོག་ཤེས་ཀྱི་འཁྲུལ་རྒྱུ་

|; |@@@ | | }}