79391
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། བྱེ་བྲག་སྨྲ་བ་རྣམས་ངོ་བོ་མཐོང་ལམ་ཡིན་ཏེ། ལྔ་སྡེ་བཟང་པོ་ལ་མཐོང་ལམ་སྐྱེས་པའི་ཚེ་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་སྒྲ་བསྒྲགས་པས་སོ། །འཁོར་ལོ་ཞེས་བརྗོད་པ་ནི། འཁོར་ལོ་དང་ཆོས་མཐུན་པའི་ཕྱིར་ཏེ། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་སེམས་གཞན་གྱིས་བར་མ་ཆོད་པར་སྐྱེ་བས་མྱུར་དུ་འགྲོ་བ་དང་། བར་ཆད་མེད་ལམ་གྱིས་སྤང་བྱའི་ཐོབ་པ་གཅོད་པས་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྣམ་གྲོལ་ལམ་གྱིས་བྲལ་ཐོབ་འཛིན་པས་རྒྱལ་བ་རྣལ་དུ་འགོད་པར་བྱེད། ཁམས་གོང་མའི་བདེན་པ་ལ་འཕར། འོག་མའི་བདེན་པ་ལ་འབབ་པའོ། ། |
Domain | ཆོས་ལུགས། |
{{#arraymap:རྟོགས་པའི་ཆོས་འཁོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐེག་པ་ཆེན་པོ་བ་ནི་ལམ་ལྔ་ཆར་ལ་འདོད་དོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་ཚིག་དོན་རབ་གསལ་ལས་སོ། ། |
{{#arraymap:རྟོགས་པའི་ཆོས་འཁོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། འགོག་ལམ་གང་རུང་གིས་བསྡུས་པའི་བསྟན་པའི་དམ་ཆོས། དབྱེ་ན་འགོག་ལམ་གཉིས་ལས། དང་པོ་ལ་ཉན་ཐོས་ཀྱི་འགོག་པ། རང་རྒྱལ་གྱི་འགོག་པ། ཐེག་ཆེན་གྱི་འགོག་པ་དང་གསུམ་མོ། །ཕྱི་མ་ལ་ཐེག་པ་གསུམ་གྱི་ལམ་ལྔ་གསུམ་བཅོ་ལྔ་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། |
{{#arraymap:རྟོགས་པའི་ཆོས་འཁོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ལུང་གི་ཆོས་འཁོར་ཉམས་སུ་བླངས་པ་ལས་བྱུང་བའི་རྟོགས་པའི་ཡོན་ཏན་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བའོ། །ཟུར་དང་པོས་རྟོགས་པའི་ཆོས་ཀྱི་དོན། ཟུར་གཉིས་པས་འཁོར་ལོའི་སྒྲ་དོན་བསྟན་པ་ཡིན་ནོ། །དབྱེ་བ་ལ། རྗེས་མཐུན་པ་དང། མཚན་ཉིད་པའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་རིགས་རོལ་མཚོ་ལས་སོ། ། |
{{#arraymap:རྟོགས་པའི་ཆོས་འཁོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྟོགས་པའི་བསྟན་པས་བསྡུས་པའི་དམ་ཆོས་སུ་དམིགས་པའོ། །དབྱེ་ན། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་དེ་དང། ལམ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་དེ་གཉིས། དང་པོ་ནི། ལམ་མ་ཞུགས་ཀྱི་གང་ཟག་གི་རྒྱུད་ཀྱི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་བསླབ་པ་གསུམ་དང། གཉིས་པ་ནི། ས་བཅུ་དང་ལམ་ལྔ་ལྟ་བུའོ། ། |
{{#arraymap:རྟོགས་པའི་ཆོས་འཁོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཆོས་འཁོར་གང་ཞིག ཐར་ལམ་དུ་དམིགས་པ། དེ་ལ་དབྱེ་ན། ལམ་ལྔ་དང། ས་བཅུ་ལ་སོགས་པ་ཡོད་དེ། ཚིག་གསལ་ལས། གཞན་ཡང་ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ་ཞེས་བྱ་བ་ནི། ངེས་པ་མེད་པའི་ལམ་ཐམས་ཅད་ནི་གདུལ་བྱའི་རྒྱུད་ལ་འབྱུང་བའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། |
{{#arraymap:རྟོགས་པའི་ཆོས་འཁོར་
|; |@@@ | | }}