79405
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས་བྱུང་བ་སྟེ། ཆོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ། དགོངས་ཏེ་བསྟན་པ་རྣམས་རྟོགས་པར་ཁོང་ཆུད་པར་འགྱུར་བ། སེམས་ཅན་གྱི་བསམ་པ་རྣམས་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ། སོ་སོ་ཡང་དག་པར་རིག་པའི་ཤེས་པ་རྣམས་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ། སྣྲེལ་ཞིའི་རྒྱུད་བསྟན་པ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ། སྤྱིའུ་ཚུགས་ཀྱི་རྒྱུད་བསྟན་པ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བའོ། ། |
| Domain | ཆོས་ལུགས། |