79416
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་གཉིས་པའི་སྨད་དུ་འཁྲུངས་པའི་བླ་མ་ཞང་གི་སློབ་མ་ཡིན། བླ་མ་ཞང་སོགས་བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་ཀུན་ལ་སྦྱངས། སྒོམ་སྒྲུབ་ཉམས་ལེན་མཛད། ཕྱིས་ཅན་གྱི་དགོན་པ་བཏབ་ཏེ་དགེ་འདུན་གྱི་ཚོགས་བསྐྱངས། བླ་མ་ཞང་གི་འདྲ་སྐུ་བཞེངས་ནས་རབ་གནས་མཛད། ཐུགས་དམ་དང་འགྲོ་དོན་མཛད་དེ་གཤེགས། གདུང་བཞུ་སྐབས་རིང་བསྲེལ་དང་། ཆོས་གོས་མ་ཚིགས་པ་སོགས་རྟགས་མཚན་མང་པོ་བྱོན། གྲྭ་པ་བུ་སློབ་རྣམས་ཀྱིས་འདབ་དང་ཕྱི་རྟེན་ནང་རྟེན་ལེགས་པར་བཞེངས། |