79418

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:22, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟོགས་ལྡན་མཛེས་པ་སྙིང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་ཁྱི་ཕྱི་ལོ་ ༡༡༦༦ ལོར་མངའ་རིས་མ་ཕམ་གཡུ་མཚོའི་འགྲམ་ཟ་འོག་གླེ་གཡང་ཆུང་ཁ་རུར་ཡབ་གཡུ་རུང་བྱིན་བརླབས་ཀྱི་སྲས་སུ་འཁྲུངས། གདུང་རུས་མལ་ཡིན། ཁྱི་ར་རས་པའི་སྐྱེ་བར་གྲགས། ལ་སྟོད་རྟ་སྒ་མཁན་པོ་སྤྲུག་གཅེར་བ་སོགས་ལས་བསྙེན་པར་རྫོགས། མཚན་ལ་མཛེས་པ་སྙིང་པོ་ཞེས་གསོལ། མལ་གྲོ་སྒང་བུ་དགོན་གསར་དུ་རྟོགས་ལྡན་རུ་ཐོག་པ་ཆེན་པོ་ལས་གདམས་ངག་རྣམས་ཞུས། སྒོམ་སྒྲུབ་ལོ་གསུམ་མཛད་དེ་རྟོགས་པ་འཁྲུངས། བྱང་གི་ཕྱི་འབྲོང་བུ་སྤྱིལ་ཁུང་དུ་རི་མི་འབབས་པར་ལོ་ངོ་བཅུ་གསུམ་རིང་སྒོམ་སྒྲུབ་གནང། རབ་བྱུང་བཞི་པའི་ཤིང་ཕག་ཕྱི་ལོ་ ༡༢༡༥ ལོར་ཟ་ལུང་དགོན་པ་བཏབ། ལོ་ངོ་སུམ་ཅུའི་རིང་ཚོགས་པ་བསྐྱངས། དོན་དགུ་པ་རབ་བྱུང་བཞི་པའི་ཤིང་འབྲུག་ཕྱི་ལོ་ ༡༢༤༤ ལོར་སྐུ་གཤེགས། སློབ་མ་རྟོགས་ལྡན་ནམ་མཁའ་དབང་ཕྱུག་གིས་གཡུལ་གངས་ར་བཏབ། རྟོགས་ལྡན་ནམ་མཁའ་སེང་གེས་ཀོང་པོར་སྣ་ཕུ་གངས་ར་བཏབ། གཞན་ཡང་རྟོགས་ལྡན་དར་མ་དང་། སངས་རྒྱས་ལ་སོགས་པ་བཅུ་གསུམ་གྱིས་ཀོང་པོར་དགོན་པ་བཅུ་གསུམ་བཏབ། རྟོགས་ལྡན་གེ་འཚོ་པས་སྟོད་ལུང་ཀོ་བ་བྲག་བཏབ། རྟོགས་ལྡན་ཙ་རི་བས་ལྷུན་གྲུབ་སྡིངས་བཏབ།