79740
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བླ་མ་བརྒྱུད་པའི་རིམ་པའི་མན་ངག་ལས་བྱུང་བ་སྟེ། ༡ དེ་ཡང་རྒྱུད་ཅེས་བྱ་བ་ནི་རྒྱུན་ཡིན་ཏེ། རྒྱུད་ཀྱི་དོན་ནི་གསུམ་ཡིན་ཏེ། རྒྱུ་དང་རང་བཞིན་འབྲས་བུ་དང་། ཐབས་དང་རྣམ་པ་གསུམ་ཡིན་ཏེ། ཞེས་གསུངས་སོ། །རྒྱུའི་རྒྱུད་ནི་རྡོ་རྗེ་འཆང་གི་རིགས་ཅན་གྱི་སེམས་ཅན་རྣམས་སོ། ། ༢ ཐབས་ཀྱི་རྒྱུད་ལ་ལྔ་སྟེ། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། རྣལ་འབྱོར་གོང་ན་མེད་པའི་རྒྱུད་དོ། ། ༣ འབྲས་བུའི་རྒྱུད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། ། |