80076

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:25, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (1)
Part of speech མིང་ཚིག
Definition སློབ་དཔོན་ཀུ་ཀུ་རི་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། འདི་དང་གོང་གི་ཆོས་ཚན་༠༥༢༩ པ་གཉིས་ཀྱི་སྒྱུར་བ་པོ་གཞུང་དངོས་ལ་མི་གསལ་ཡང་། བུ་སྟོན་དང་། པེ་ཅིང་། སྣར་ཐང་། སྡེ་དགེ་པར་མ་རྣམས་ཀྱི་དཀར་ཆག་ཏུ་རྒྱ་གར་གྱི་མཁན་པོ་ཨ་ནཱི་ལ་བཛྲ་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་”གཉིས་འཁོད། བསྟན་འགྱུར་རྒྱུད་ཡ་པར་བཞུགས།

{{#arraymap:རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་

|; |@@@ | | }}

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (2)
Part of speech མིང་ཚིག
Definition སློབ་དཔོན་ཆེན་པོ་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་ལ་པར་བཞུགས།

{{#arraymap:རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་

|; |@@@ | | }}

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (3)
Part of speech མིང་ཚིག
Definition སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། པཎྜི་ཏ་མཁས་པ་ཆེན་པོ་ཏ་ཐཱ་ག་ཏ་རཀྵི་ཏའི་ཞལ་སྔ་ནས་དང་། ལོ་ཙཱ་བ་ཀློག་སྐྱ་གཞོན་ནུ་འབར་གྱིས་བསྒྱུར། སླད་ཀྱི་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀཱ་ར་རཀྵི་ཏ་དང༌། ཁམས་པ་དགེ་སློང་ལོ་ཙཱ་བ་བ་རིས་བཅོས་ཤིང་བཤད་དེ་ཞུས་ནས་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ངི་པར་བཞུགས།

{{#arraymap:རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་

|; |@@@ | | }}

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (4)
Part of speech མིང་ཚིག
Definition བླ་མ་མངོན་ཤེས་ཅན་རྡོ་རྗེ་གདན་པས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་གུས་པས་བསྒྱུར། བསྟན་འགྱུར་རྒྱུད་ཟི་པར་བཞུགས།

{{#arraymap:རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་

|; |@@@ | | }}

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ (5)
Part of speech མིང་ཚིག
Definition སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས། ། རྒྱ་གར་གྱི་མཁན་པོ་སུ་བུདྡྷཱ་ཤྲཱི་ཤཱནྟི་དང༌། ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། བསྟན་འགྱུར་རྒྱུད་ཀུ་པར་བཞུགས།

{{#arraymap:རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་

|; |@@@ | | }}