80154

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:26, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོ་རྗེའི་མཚོན་དོན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྩེ་དགུ་པའི་རྣམ་དག་ནི། ཁ་སྦྱོར་ལས། ཕྱོགས་མཚམས་བརྒྱད་ཀྱི་དབུས་སུ་ནི། །དབུས་མ་ལ་ནི་སངས་རྒྱས་ཉིད། །ལྷ་དགུ་ལ་སོགས་རྩེ་མོ་ནི། །ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབ། །ཞེས་པས་བསྟན་ཏེ། ཚད་འདི་ནི་འགྱུར་ཁྱད་ཙམ་མ་གཏོགས་གདན་བཞི་དང་རྡོ་རྗེ་མཁའ་འགྲོ་གཉིས་ལས་ཀྱང་འབྱུང་ངོ་། །དེའི་དོན་ཡང་སྟེང་གི་རྭ་བརྒྱད་ནི་བྱང་སེམས་ཉེ་བའི་སྲས་བརྒྱད། འོག་གི་རྭ་བརྒྱད་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལྷ་མོ་བརྒྱད། དབུས་ཀྱི་རྭ་ནི་རྡོ་རྗེ་རྣམ་པར་སྣང་མཛད་དང་ཡེ་ཤེས་མཁའ་འགྲོའོ། །རྭའི་འོག་པདྨ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དག་པ་སྟེ། གདན་བཞི་དང་མཁའ་འགྲོ་ལས། པདྨ་བྱང་ཆུབ་ཡན་ལག་བརྒྱད། །ཞེས་གསུངས་པ་བླ་མའི་མན་ངག་གིས་སྦྱོར་རོ། །རྭའི་རྩ་བ་རྣམས་ཆུ་སྲིན་གྱིས་ཁ་ནས་འབྱུང་བ་ནི། འཁོར་འདས་དབྱེར་མེད་མཚོན་བྱེད་དོ། །རྩེ་མོ་དགུ་ནི་གསུང་རབ་ཡན་ལག་དགུ་རྣམ་པར་དག་པའོ། །རྭའི་གདན་ནི་ཟླ་བ་ནི་བྱང་ཆུབ་སེམས་རྣམ་པར་དག་པའོ། །རྒྱན་རྣམས་ནི་རང་གཞན་མཛེས་པར་བྱེད་པ་སྟེ་དོན་གཉིས་མཐར་ཕྱིན་པའོ། །ལྟེ་བ་ནི་རྡོ་རྗེ་སེམས་དཔའོ་ཞེས་གསུངས་སོ། ། རྩེ་ལྔ་པའི་རྣམ་དག་ནི། མཁའ་འགྲོ་ལས། གང་ཡང་སྦོམས་སུ་གྱུར་པ་ཡི། །རྭ་ནི་ཡེ་ཤེས་རང་བཞིན་གསུངས། །ཞེས་ཚིག་འདི་དག་གི་དོན་ནི་སྟེང་གི་རྭ་ལྔ་རིགས་ལྔ། པད་འདབ་བརྒྱད་བྱང་སེམས་བརྒྱད། ལྟེ་བ་རྡོར་སེམས། འོག་གི་འདབ་བརྒྱད་ལྷ་མོ་བརྒྱད། རྭ་ལྔ་ཡུམ་ལྔའོ། །ཞེས་སྟོན། རྭ་རྣམས་ཆུ་སྲིན་གྱི་ཁ་ནས་འབྱུང་བ་དང་། ཟླ་བ་དང་བརྒྱན་གྱི་དག་པ་རྣམས་ནི་གོང་གི་རྩེ་དགུ་པའི་སྐབས་སུ་བསྟན་པ་ལྟར་ཡིན་ལ། རྩེ་མོ་ལྔ་ནི་ཡེ་ཤེས་ལྔ་དག་པ་ཡིན་ནོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོར་དྲིལ་རྣམ་བཤད་ཉེར་མཁོ་ལེགས་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྡོ་རྗེའི་མཚོན་དོན་

|; |@@@ | | }}

རྡོ་རྗེའི་མཚོན་དོན་ (2)
Part of speech མིང་ཚིག
Definition བཞི་པ་རྣམ་དག་གམ་དེ་ཁོ་ན་ཉིད་བསྟན་པ་ནི། རྡོ་རྗེ་རྩེ་དགུ་པའི་ལྟེ་ཟླུམ་པོ་ནི། དེ་ཉིད་བཞིན། (དེ་བཞིན་ཉིད) པདྨ་འདབ་བརྒྱད་སྟེང་མ་ནི་བྱང་སེམས་ཉེ་བའི་སྲས་བརྒྱད། འོག་མ་ནི་ལྕགས་ཀྱུ་ཞགས་པ་ལ་སོགས་ལྷ་མོ་དག་པའི་ངོ་བོ་ཡིན་ལ། པདྨའི་སྟེང་གི་ཟླ་བ་ནི། འཁོར་བའི་གདུང་བ་ཞི་བར་བྱེད་པའི་བརྡ། རྭ་རྣམས་ཆུ་སྲིན་ཁ་ནས་འབྱུང་བ་ནི། སྲིད་རྩེའི་སྡུག་བསྔལ་ལས་འདྲེན་པའི་མཚོན་བྱེད་ཡིན་ཞིང། སྟེང་དབུས་རྭ་ནི་རྣམ་པར་སྣང་མཛད། ཕྱོགས་ཀྱི་རྭ་བཞི་ནི་རིགས་བཞི་དང་། མཚམས་ཀྱི་བཞི་ནི་རིགས་གཞན་བཞི་དང་ཡུམ་བཞི། འོག་གི་རྭ་དགུ་ནི། ཡེ་ཤེས་ལྔ་དང་། ཚད་མེད་བཞི་རྣམ་པར་དག་པ་ཡིན་ཏེ། མཁའ་འགྲོར། ཇི་ལྟར་ཕྱོགས་ཀྱི་རྭ་བརྒྱད་ཀྱི། །དབུས་སུ་སངས་རྒྱས་དགུ་པའོ། །ལྷ་དགུ་ལ་སོགས་རྩེ་མོ་ལ། །ལྷ་རྣམས་དགུ་ཡི་བྱིན་གྱིས་རླབས། །ཞེས་སོ། །བཤམ་ཚུལ་ནི། ས་པཎ་གྱི་ཚོགས་འཁོར་རྩོད་སྤོང་ལས། རྡོ་རྗེ་དང་དྲིལ་བུ་ཡང་གཡས་གཡོན་གོ་མ་ལོག་པར་བཞག་ཅེས་གསུངས་ཤིང་། དེ་ཡང་འཕགས་པ་རིན་པོ་ཆེས། བསྒྲུབ་པ་པོའི་གཡས་སུ་རྡོ་རྗེ་དང་། གཡོན་དུ་དྲིལ་བུ་བཞག་ཅེས་གསུངས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་ལས་སོ། །

{{#arraymap:རྡོ་རྗེའི་མཚོན་དོན་

|; |@@@ | | }}