80480

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:27, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣམ་དག་གི་ཆོ་ག་ (1)
Part of speech མིང་ཚིག
Definition སོག་ཀ་བོན་གྱི་འབྱུང་གནས་རྟག་གཟིགས་འོལ་མོ་གླིང་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོ་མཆོག་ནི་(འཁྲུངས་འདས་ཕྱི་ལོའི་སྔོན་༡༦༠༡༧-༧༨༡༧)འཁྲུངས་ནས། མཛད་པ་འཕྲིན་ལས་བསམ་ལས་འདས་པ་ཞིག་མཛད་ཀྱང་། བསྡུས་ན་མཛད་པ་བཅུ་གཉིས་ཀྱི་ཁོངས་སུ་འདུས་ལ། རྣམ་དག་གི་ཆོ་གའམ་ཤེས་རབ་ཕ་རོལ་དུ་ཕྱིན་པ་ཐེག་པ་ཆེན་པོ་རྣམ་པར་དག་པའི་ཆོ་ག་འདི་ཉིད་མཛད་པ་དེ་དག་ལས་བསྟན་པ་རྗེས་བཞག་གི་ཁོངས་སུ་མཛད་ཡོད། ཤེར་ཕྱིན་གྱི་འབུམ་ནི་ཐོག་མ་རི་རྒྱལ་ལྷུན་པོའི་ཕོ་བྲང་། འོད་ཀྱི་ལྷ་རི་སྤོས་མཐོན་གྱི་རྩེ་མོ་རུ་གཏན་ལ་ཕབ་ཡོད་ཀྱང་། ཤེར་ཕྱིན་འདི་ཉིད་རྒྱ་ཆེ་འདོན་སྤེལ་ཆེད། གནས་མཆོག་དམ་པ་འོལ་གླིང་གི་བྱང་ནུབ། དགེ་རྒྱས་ཡོན་ཏན་གྱི་གླིང་ལ་ཕེབས་ནས། རི་བོ་ཆེན་པོ་བཀྲ་ཤིས་དཔལ་བརྩེགས་ཀྱི་མདུན། རྒྱ་མཚོ་བཀྲ་ཤིས་ཁྱུད་མའི་གླིང་། གྲོང་ཁྱེར་ཕྱྭ་ར་གླིང་ཁྱུད་ན། བྲམ་ཟེའི་རྒྱལ་པོ་ཀུན་དགའ་བཟང་སྐྱོང་གཙོས་པས་ལྷ་ཀླུ་མི་གསུམ་བཅས་དགེ་ལ་ཕྱོགས་པ་ཀུན་འདུས་སོ། །དེ་དག་ལ་གསས་ཁང་ཆེན་པོ་པད་མ་གླིང་ཆེན་ཞེས་བྱ་བ་བཞེངས་གསོལ་གནང་སྟེ། སྟོན་པའི་ཐུགས་རྗེ་དང་། སེམས་ཅན་གྱི་ལས་བསོད་ལ་བརྟེན་ནས་བདེ་བར་གཤེགས་པའི་སྐུ་རྟེན་སྐུ་གཟུགས་དང་། གསུང་རྟེན་གསུང་རབ། ཐུགས་རྟེན་མཆོད་རྟེན་བཅས་བསྟན་པ་རྣམ་གསུམ་ཆ་ཡོངས་སུ་རྫོགས་པ་ཞིག་ལེགས་གྲུབ་བྱུང་བར་བརྟེན། དགའ་སྟོན་འཕྲིན་ལས་ཟབ་རྒྱས་མཛད་དོ། །དེའི་ཚེ་དེའི་དུས་ན། འཁོར་གྱི་དམ་པ་ཚངས་པ་གཙུག་ཕུད་ཀྱིས་རྒྱན་དང་ཆ་ལུགས་མཛེས་པ་བྱས་ཤིང། མེ་ཏོག་མན་དྷ་ར་བ་ཞིག་ཐོག་ནས་སྟོན་པ་ཐུགས་རྗེ་ཅན་ལ་གསོལ་བ་ཞིག་ཕུལ་ཏེ། སྟོན་པ་གནས་འདིར་བྱོན་ནས་མཛད་པ་དུ་མ་མཛད་མོོད་ཀྱང་། ད་ལྟའི་དུས་སྐབས་པད་མ་གླིང་ཆེན་བཞེངས་ནས་བསྟན་པ་རྣམ་གསུམ་རྗེས་བཞག་པས། ལྷ་ཀླུ་མི་གསུམ་གྱི་འགྲོ་བ་སོགས་སྤྲོ་ཞིང་དགའ་བདེ་འཕེལ་ཏེ། རྣམ་དག་བཀོད་པ་ནི་རྒྱ་ཆེ་ངོ་མཚར་ཆེ་ལགས་ཀྱང་མངའ་དབུལ་ཞལ་བསྲོ་མ་གནང་ན་ཡུན་དུ་བྱིན་མི་ཆེ། བཀྲ་མི་ཤིས་པར་འགྱུར་ཞེས་གསོལ་བ་ལ་བརྟེན། སྟོན་པས་ཀྱང་བཀའ་སྩལ་ཏེ། ཚངས་པ་གཙུག་ཕུད་ནི་ཤེར་ཕྱིན་གྱི་འཕན་ཡུལ་འདོན་མཆོད་ཀྱི་གཉེར་གཏད་བཀོད། ཆོ་ག་འདི་ཉིད་སྔོན་འགྲོ། དངོས་གཞི། རྗེས་བྱ་ཡན་ལག་བཅས་རིམ་པས་གསུངས་སོ། །ཆོ་ག་འདི་ཉིད་ཕྱིས་སུ་དུས་རབས་བཅུ་བཞིའི་ནང་སྤྲུལ་སྐུ་བློ་ལྡན་སྙིང་པོ་(འཁྲུངས་ཚིགས་སྤྱི་ལོ་༡༣༦༠)ལ་སྙན་དུ་རྒྱུད་ཡོད། ལོ་རྒྱུས་མདོར་བསྡུས་ཙམ་ཞིག་སྟེ་རྒྱས་པོ་༼མདོ་དྲི་མེད་གཟི་བརྗིད་༽པོད་བཅུ་པ་ལས་གསལ་ལོ། །
Domain ལོ་རྒྱུས།

{{#arraymap:རྣམ་དག་གི་ཆོ་ག་

|; |@@@ | | }}