80489
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སངས་རྒྱས་ཀྱི་སའི་སྤངས་པ་མཐར་ཐུག་ནི་རྣམ་དག་ཡིན་ལ་དེ་ཐོབ་བྱེད་ཀྱི་ལག་རྗེས་འཇོག་བྱེད་ཅིག་ལ་རྣམ་དག་སྒོམ་ལམ་ཞེས་འཇོག ངོ་བོ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེས་ན་ཐེག་ཆེན་གྱི་ཟག་མེད་སྒོམ་ལམ་གཅིག་ཉིད་སྒྲུབ་པ་སྒོམ་ལམ་དང་རྣམ་དག་སྒོམ་ལམ་གཉིས་ཀར་འཇོག་སྟེ། རྟོགས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་ཆ་ནས་སྒྲུབ་པ་སྒོམ་ལམ་དང། སྤངས་པ་མཐར་ཐུག་གི་ལག་རྗེས་འཇོག་པའི་ཆ་ནས་རྣམ་དག་སྒོམ་ལམ་དུ་འཇོག་པའི་ཕྱིར། ཞེས་གསུངས། དབྱེ་ན་ས་བཅུའི་རྣམ་དག་སྒོམ་ལམ་བཅུ། ས་མཚམས་ས་དང་པོ་ནས་རྒྱུན་མཐའི་བར་དུ་ཡོད་དོ། ། |
Domain | ཆོས་ལུགས། |
{{#arraymap:རྣམ་དག་སྒོམ་ལམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་གྱི་ཟག་མེད་ཀྱི་རྗེས་ལ་མངོན་རྟོགས་གང་ཞིག བདེན་འཛིན་གྱི་གཉེན་པོའི་རིགས་སུ་གནས་པ་དེ། རྣམ་དག་སྒོམ་ལམ་གྱི་མཚན་ཉིད། དེས་ན་རྣམ་དག་སྒོམ་ལམ་ལ་སྒྲུབ་པ་སྒོམ་ལམ་གྱིས་ཁྱབ་ཀྱང༌། སྒྲུབ་པ་སྒོམ་ལམ་ལ་རྣམ་དག་སྒོམ་ལམ་གྱིས་མ་ཁྱབ། |
{{#arraymap:རྣམ་དག་སྒོམ་ལམ་
|; |@@@ | | }}