80530
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བདེན་གཉིས་གསལ་བྱེད་ཟླ་བའི་སྒྲོན་མེ་ལས་བྱུང་བ་སྟེ། ༡ ལུས་དག་པ་ནི། ལུས་ལེན་པ་དང་། གནས་པ་དང། གཏོང་བ་ལ་མངའ་བརྙེས་པ་རྟེན་ལུས་དག་པའོ། ། ༢ དམིགས་པ་དག་པ་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སོགས་སྤྲུལ་པ་དང་བསྒྱུར་བ་མངའ་བརྙེས་པས་ལོངས་སྤྱོད་དག་པ་དམིགས་པ་དག་པའོ། ། ༣ ཐུགས་དག་པ་ནི། ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཐུགས་དག་པའོ། ། ༤ ཡེ་ཤེས་ཡོངས་སུ་དག་པ་ནི། ཤེས་རབ་ལ་མངའ་བརྙེས་པས་ཡེ་ཤེས་ཡོངས་སུ་དག་པའོ། |
Domain | ཆོས་ལུགས། |
{{#arraymap:རྣམ་པ་ཐམས་ཅད་དག་པ་བཞི་
|; |@@@ | | }}