80543
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ གཏི་མུག་གི་མུན་པ་མེད་པའི་ཕྱིར་སྣང་བའི་རྣམ་པ། ༢ ཉོན་མོངས་པའི་ཐིབས་པོ་སྣང་བར་བྱེད་པའི་ཕྱིར་སྒྲོན་མའི་རྣམ་པ། ༣ མི་ཤེས་པ་དང་བྲལ་བའི་ཕྱིར་ཡེ་ཤེས་ཀྱི་འོད་ཟེར་རབ་ཏུ་འགྱེད་པའི་རྣམ་པ། ༤ མ་རིག་པ་དྲུངས་ནས་འབྱིན་པའི་ཕྱིར་ཐོང་གཤོལ་གྱི་རྣམ་པ། ༥ སྲེད་པའི་རྒྱ་མོ་རྣམ་པར་འཇིག་པར་བྱེད་པའི་ཕྱིར་ལྕགས་ཀྱུའི་རྣམ་པ། ༦ ཉོན་མོངས་པ་རྡུལ་དུ་རློག་པའི་ཕྱིར་རྡོ་རྗེའི་རྣམ་པ། ༧ ཉོན་མོངས་པའི་འདམ་རྫབ་སྐེམ་པའི་ཕྱིར་ཉི་མའི་དཀྱིལ་འཁོར་གྱི་རྣམ་པ། ༨ སྐྱེ་བའི་ཤིང་སྲེག་པའི་ཕྱིར་མེའི་རྣམ་པ། ༩ རྨོངས་པ་མེད་པར་བྱེད་པའི་ཕྱིར་ནོར་བུ་ལྟ་བུའི་རྣམ་པ། ༡༠ རྫས་མེད་པའི་ཕྱིར་སྟོང་པ་ཉིད་ཀྱི་རྣམ་པ། ༡༡ མཚན་ཉིད་མེད་པའི་ཕྱིར་མཚན་མ་མེད་པའི་རྣམ་པ། ༡༢ ཁམས་གསུམ་ལས་ཡང་དག་པར་འདའ་བའི་ཕྱིར་སྨོན་པ་མེད་པའི་རྣམ་པ་བཅས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྣམ་པ་བཅུ་གཉིས་ཀྱིས་ཤེས་རབ་ཀྱི་ཕར་ཕྱིན་རྟོགས་པར་བྱ་བ་བཅུ་གཉིས་
|; |@@@ | | }}