80591
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྙིང་མ། རྣམ་པར་ཐར་པ་བརྒྱད་མཚོན་བྱེད་དམ་རྒྱུའི་རྟ་བབས་བརྒྱད་དེ། དཀོན་ཅོག་འགྲེལ་ལས། རྣམ་པར་ཐར་པ་བརྒྱད་ནི། ཇི་སྐད་དུ་གྲགས་པའི་གཟུགས་ཅན་གཟུགས་ལ་ལྟ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ལ་ཐབས་མཁས་པའི་རྣམ་པར་ཐར་པས་ཟིན་པར་གྱུར་ན། བྱང་ཆུབ་ཆེན་པོའི་ལམ་སྟེགས་སུ་འགྱུར་བས་དེའི་ཕྱིར་རྟ་བབས་བརྒྱད་དོ། །ཞེས་དང་། གསང་སྙིང་འགྲེལ་པ་རྒྱུད་དོན་གསལ་བར་བྱེད་པའི་སྒྲོན་མེ་ཡིད་བཞིན་གྱི་ནོར་བུ་ལས། རྟ་བབས་ཀྱི་དོན་བསྟན་པ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཞེས་པས། འཁོར་བ་ལས་རྣམ་པར་ཐར་པར་བྱེད་པའི་ཐེག་པ་བརྒྱད་ཀྱི་ལམ་ནས་བགྲོད་པ་ནི་དོན་ཡིན་ལ། རྟགས་གཞལ་ཡས་ཁང་གི་སྒོ་ལ་ཕྱིའི་ཐེམ་སྐས་བཞི་དང་ནང་གི་ཐེམ་སྐས་བཞི་སྟེ། རྒྱུའི་རྟ་བབས་བརྒྱད་དང་ལྡན་པའོ། །ཡང་འཁོར་བ་ལས་རྣམ་པར་ཐར་པར་བྱེད་པའི་ཐེག་པ་བརྒྱད་ཀྱི་རང་སའི་འབྲས་བུ་བརྒྱད་ཐོབ་པ་ནི་དོན་ཡིན་ལ། རྟགས་ལམ་རིམ་ལས། རྟ་རྐང་ཆུ་སྐྱེས་ཕ་གུ་སྒྲོམ། །སྣ་འཕྱོང་སེང་སྒོ་ཤར་བུ་ཕྲེང་། །ཞེས་རྒྱན་གྱི་རྟ་བབས་བརྒྱད་དང་ལྡན་པའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་
|; |@@@ | | }}