80806
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གསང་སྔགས་ཀྱི་སྤྱོད་འབྲས་ཐུན་མོང་བ་བཞི་སྟེ། རྫས་ཀྱི་རིག་འཛིན་དང་། ལོངས་སྤྱོད་ཀྱི་རིག་འཛིན། ལུས་ཀྱི་རིག་འཛིན། ཚེའི་རིག་འཛིན་བཞི་ཡིན་ལ། རྫས་ཀྱི་རིག་འཛིན་ནི། རལ་གྲི་དང་རིལ་བུ་སོགས་རྫས་ལ་བརྟེན་ནས་དངོས་གྲུབ་བསྒྲུབས་པས་ལྷ་དང་མིའི་གནས་རྣམས་སུ་ཐོགས་མེད་དུ་རྒྱུ་ཞིང་། རིགས་སྔགས་ཀྱིས་སེམས་ཅན་ལ་ཕན་འདོགས་ཤིང་ཚར་གཅོད་པའི་ནུས་པ་དང་། ལོངས་སྤྱོད་ཀྱི་རིག་འཛིན་ནི། རྒྱལ་སྲིད་སྣ་བདུན་ལ་སོགས་པ་ལོངས་སུ་སྤྱོད་པའི་དངོས་གྲུབ་ཐོབ་པ་དང་། ལུས་ཀྱི་རིག་འཛིན་ནི། ལུས་ཕྲ་ཡང་སོགས་ཡོན་ཏན་བརྒྱད་དང་ལྡན་པར་གྱུར་ཏེ། དེའི་ལུས་དངོས་འདོད་ཁམས་སུ་མི་འབྱུང་ཡང་སྦྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་དང་། ཚེའི་རིག་འཛིན་ནི། དངོས་གྲུབ་ཀྱི་མཐུ་ལ་བརྟེན་ནས་ཚེ་རིང་པོ་ཐུབ་པའོ། ། |
Domain | ཆོས་ལུགས། |
{{#arraymap:རྣམ་བཞིའི་རིག་འཛིན་
|; |@@@ | | }}