80978

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣམ་སྨིན་གྱི་སྐྱེ་བ་བཅུ་ (1)
Part of speech མིང་ཚིག
Definition ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ཕལ་ཆེར་ཛམྦུའི་གླིང་ལ་དབང་སྒྱུར་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ། ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སུམ་ཅུ་རྩ་གསུམ་ལ་དབང་བའི་བརྒྱ་བྱིན་ལ་སྐྱེ། ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རབ་འཐབ་བྲལ་གྱི་ལྷའི་དབང་པོར་སྐྱེ། ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རབ་དགའ་ལྡན་གྱི་ལྷའི་དབང་པོར་སྐྱེ། ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་རབ་འཕྲུལ་དགའི་ལྷའི་དབང་པོར་སྐྱེ། ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དབང་སྒྱུར་གྱི་ལྷའི་དབང་པོར་སྐྱེ། ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྟོང་སྤྱི་ཕུད་ཀྱི་བདག་པོ་ཚངས་པར་སྐྱེ། ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ལྷའི་དབང་པོར་སྐྱེ། ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་གནས་གཙང་མའི་དབང་པོ་དབང་ཕྱུག་ཆེན་པོ་རྣམས་སུ་སྐྱེ་བ་འཛིན་པར་གསུངས་པའོ། །
Domain ཆོས་ལུགས།

{{#arraymap:རྣམ་སྨིན་གྱི་སྐྱེ་བ་བཅུ་

|; |@@@ | | }}