80980
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། ཡིད་མི་བདེ་བའི་དབང་པོ་ནི་རྣམ་སྨིན་དང་བཅས་པ་ཡིན་ཏེ་རྣམ་སྨིན་གྱི་རྒྱུར་རུང་བ་ཡིན་པའི་ཕྱིར། ཡིད་དབང་དང། ཚོར་བ་གཞན་བཞི་དང། དད་པའི་དབང་པོ་སོགས་ལྔ་སྟེ་བཅུ་ལ་རྣམ་སྨིན་དང་བཅས་མ་བཅས་གཉིས་གཉིས་སུ་ཡོད་དེ། དད་པའི་དབང་པོ་སོགས་ལྔ་ལ་ཟག་མེད་རྣམས་ནི་རྣམ་སྨིན་དང་མ་བཅས་པ་དང། སྦྱོར་ལམ་གྱི་གནས་སྐབས་ཀྱི་དེ་ལྔ་ནི་དགེ་བ་ཟག་བཅས་ཡིན་པས་རྣམ་སྨིན་དང་བཅས་པ་དང། ཡིད་དབང་དང་ཚོར་བ་གཞན་བཞི་ལ་དགེ་བ་ཟག་བཅས་དང་མི་དགེ་བ་ཡིན་པ་དག་ནི་རྣམ་སྨིན་དང་བཅས་པ་དང། ལུང་མ་བསྟན་གྱི་ཆ་དག་དང། ཚོར་བ་སྡུག་བསྔལ་མ་གཏོགས་པའི་ཚོར་བ་བདེ་བའི་དབང་པོ་ཡིད་བདེ་བཏང་སྙོམས་གསུམ་དང། ཡིད་དབང་ལ་ཟག་མེད་ཀྱང་ཡོད་པས་དེ་ནི་རྣམ་སྨིན་དང་བཅས་པ་མ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྣམ་སྨིན་དང་བཅས་མ་བཅས་ཀྱི་དབང་པོ་
|; |@@@ | | }}