81052
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གསང་སྔགས་ཀྱི་ལྟ་སྤྱོད་ལས་གོལ་བའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བ་ལ་རྣལ་འབྱོར་དཔལ་སྦྱིན་ཞེས་པ་ཞིག ལྟ་བ་མ་རྟོགས་པར་སྤྱོད་པ་གོལ་ནས་ལོག་པའི་ཆོས་ལ་སྤྱོད་ཅིང་། ཡང་དག་པའི་ལྟ་བར་གནས་པ་གཞན་ལ་ནོར་བར་སྨྲ་ཞིང་རང་ཉིད་མངོན་པའི་ང་རྒྱལ་ལ་ཆེར་གནས་ནས་མི་ལྡོག་པ་ཞིག་བྱུང་བར། མདོ་དགོངས་པ་འདུས་པ་ལས། བསྐལ་པ་དེ་ཡི་དུས་ཉིད་ལ། །རྣལ་འབྱོར་དཔལ་བྱིན་བྱ་བ་ཞིག ། དོན་ལ་བློ་ཤེད་མ་བྱེ་ཞིང༌། །གྲོལ་གྱི་ཐབས་ལ་མི་མཁས་པས། །བློ་གྲོས་ངེས་པའི་གཞུང་བོར་ནས། །ཆོས་མ་ཡིན་པའི་ཆོས་སྤྱོད་ཅིང༌། །ངེས་པའི་གྲོས་ལྡན་གཞན་དག་ལ། །དེ་ལྟར་མ་ངེས་བློ་གྲོས་ནི། །བདག་གི་བློ་གྲོས་འདི་ཡིན་ཞེས། །མངོན་པའི་ང་རྒྱལ་ཆེར་སྤྱོད་པ། །འདི་ནི་སྲིད་པ་ལོག་པའི་ལམ། །དེ་འདྲའི་ཚུལ་བྱུང་དེར་མ་སྤྱོད། །ཅེས་གསུངས་སོ། ། |
{{#arraymap:རྣལ་འབྱོར་དཔལ་སྦྱིན་
|; |@@@ | | }}