81062

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:29, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣལ་འབྱོར་པ་ (1)
Part of speech མིང་ཚིག
Definition སྔགས། སེམས་ཉིད་རྣལ་མའི་དོན་ལ་བློ་ཆོས་ཉིད་དུ་འབྱོར་བས་ཕྱོགས་བྲལ་འཛིན་ཞེན་མེད་པའི་ངང་དུ་གནས་ཤིང་། ཆོས་ཀུན་བླང་དོར་མེད་པར་སྤྱོད་པས་ཅི་ལའང་ཆགས་ཐོགས་དང་ཞེན་པ་མེད་པའི་རང་བཞིན་ཆོས་ཐམས་ཅད་ཡེ་ནས་ངོ་བོ་གཅིག་ཅིང་དབྱེར་མེད་པར་རྟོགས་པའི་གང་ཟག་སྟེ། བསྒྲུབ་བྱ་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་སྒྲུབ་པ་པོ་བསྟན་པའི་སྐབས་སུ། ཕྱོགས་བཅུའི་མུན་སེལ་ལས། གང་ཟག་གང་གིས་བསྒྲུབ་པ་ནི་སེམས་ཉིད་རྣལ་མའི་དོན་ལ་བློ་ཆོས་ཉིད་དུ་འབྱོར་པ་སྟེ། དབྱེ་ན། གཞི་རང་བཞིན་གྱི་རྣལ་འབྱོར། ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར། འབྲས་བུ་ལྷུན་གྲུབ་ཀྱི་རྣལ་འབྱོར་གསུམ་ལས། ལམ་མོ། །དེའང་རིམ་གཉིས་ལས། གཞི་དང་རང་བཞིན་འབྲས་བུའི་ཚུལ། །བསྐྱེད་དང་རྫོགས་པའི་རྣལ་འབྱོར་པས། །ཞེས་པ་དང་། དབུ་མ་ལས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་བསྒྲུབ་པ་ཁ་ཅིག་ལའོ། །ཞེས་སོ། །དེ་བཞིན་གཤེགས་པའི་གསང་བ་ཟབ་མོ་རྨད་དུ་བྱུང་བའི་སྔགས་ཀྱི་ཚིག་དོན་འཆང་བར་བྱེད་པའོ། །དེའང་མནྟྲའི་སྒྲ་ལས་སྔགས་ཏེ། གསང་སྔགས། རིག་སྔགས། གཟུངས་སྔགས་གསུམ་གྱི་རང་བཞིན་འཆང་བའོ། །ཞེས་དང་། དེ་ལྟ་བུའི་དོན་གྱིས་བསྒྲུབ་པར་བྱ་བའི་དངོས་གྲུབ་ནི་མཆོག་དང་ཐུན་མོང་གི་ཡོན་ཏན་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ཆོས་ཐམས་ཅད་ཡེ་ནས་མཉམ་པ་ཉིད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་ལྷུན་གྱིས་གྲུབ་ཅིང་དབྱེར་མེད་པ་ཕྱོགས་བྲལ་འཛིན་ཞེན་མེད་པའི་ངང་དུ་གནས་ཤིང་། བླང་དོར་མེད་པར་སྤྱོད་པས་ཅི་ལའང་ཐོགས་ཆགས་དང་ཞེན་པ་མེད་པའི་རང་བཞིན་ཆོས་ཐམས་ཅད་ཡེ་ནས་ངོ་བོ་གཅིག་ཅིང་དབྱེར་མེད་པར་རྟོགས་པའི་རྣལ་འབྱོར་པས་བསྒྲུབ་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་པ་

|; |@@@ | | }}