81373

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྨ་སེ་རྟོགས་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་མེ་སྟག་ཕྱི་ལོ་ ༡༣༨༦ ལོར་མི་ཉག་ཡུལ་དུ་འཁྲུངས། རང་ཡུལ་དུ་བཞུགས་ནས་བླ་མ་མང་པོ་ལད་གདམས་ངག་མང་དུ་ཞུས། ཐུགས་དམ་ལ་བརྩོན། ཆོས་རྗེ་དེ་བཞིན་གཤེགས་པའི་སྐུ་འཁོར་ཕྱོགས་དེར་ཕེབས་པར་མཇལ་ནས་འབུལ་བ་ཆེན་མཛད། སྐུ་འཁོར་གྱི་དཔོན་ཆེ་ཆུང་ཀུན་ལ་ལོངས་སྤྱོད་ཀྱིས་ཚིམས་པ་གནང་། དབུས་སུ་གནས་སྐོར་མཛད། མཚུར་ཕུ་ནས་ཆོས་རྗེ་དེ་བཞིན་གཤེགས་པ་ལས་གདམས་པ་སྙན་བརྒྱུད་དང་བཅས་པ་ཞུས། དགེ་འདུན་སྒང་བ་ལ་རབ་ཏུ་བྱུང་། ཁམས་སུ་ཕྱི་ལོ་ ༡༤༢༣ ལོར་ཟུར་མང་དགོན་པ་བཏབ། འདུས་ཚོགས་མང་དུ་བསྐྱངས། འདས་ལོ་མི་གསལ། གླིང་དུ་སྡོད་པ་དང་རི་ཁྲོད་འཛིན་པའི་གྲྭ་གཉིས་བྱུང་། མཆོག་ཏུ་གྱུར་བ་ནི་རྟོགས་ལྡན་ཡ་བརྒྱད་དང་། འཇའ་མོ་མི་གསུམ་བྱ་བ་བྱུང། དེ་ཀུན་ཐུགས་དམ་བཟང་ཞིང་གཞན་དོན་ནུས་པ་འབའ་ཞིག་ཡིན། ཆོས་རྗེ་དེ་བཞིན་གཤེགས་པའི་སློབ་མ་ལས་འཕྲིན་ལས་ཆེ་བ་ཡིན།

{{#arraymap:རྨ་སེ་རྟོགས་ལྡན་

|; |@@@ | | }}