81381

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:30, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྨ་སྒོམ་ཆོས་ཀྱི་ཤེས་རབ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ ༡༠༥༥ ལོར་ཡར་སྟོད་སྐྱེར་སྣར་རྨ་སྨོན་ལམ་གྱི་སྲས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། མཚན་ལ་ཆོས་ཀྱི་ཤེས་རབ་ཅེས་གསོལ། ཡབ་ཆེན་ལས་པདྨ་དབང་ཆེན་དང་། སྤྱོད་ཕྱོགས། དབུ་མ། དོ་ཧ་སྟོད་ལུགས། གྲུབ་རྙིང་རྣམས་གསན། བཅུ་དགུ་པ་ནས་ཕ་དམ་པ་སངས་རྒྱས་ལས་ཕ་རྒྱུད་དང་། ཕྱག་རྒྱ་ཆེན་པོ་རྣམས་ཞུས་པས་ཉམས་རྟོགས་འཁྲུངས། སྒོམ་སྒྲུབ་ཉམས་ལེན་མཛད་དེ་ངེས་ཤེས་སྐྱེས། དགུན་ཁར་འཕན་ཡུལ་དུ་བྱོན་ནས་ཕ་དམ་པ་སངས་རྒྱས་ལས་བཀོད་པ་དྲུག་ཅུ་རྩ་བཞི་པའི་རྡེའུ་ཁྲིད་ཞུས། ཕ་ཡུལ་དུ་བྱོན་ཏེ་འཁོར་འདབ་དང་། ནོར་རྫས་སྤངས་ཏེ་སྒྲུབ་པར་མཛད་ནས་རྨའི་ཕུག་པར་ལོ་གཅིག་བཞུགས། ཀོང་པོ་བྲག་གསུམ་གྱི་མཚོ་རྫོང་ལ་ལོ་དགུར་བཞུགས། ཡུལ་དེའི་འཁྲུགས་པ་རྣམས་བསྡུམས་པར་མཛད། དྭགས་རྫོང་ཁ་དང་། ཡར་ཀླུང་དུ་བྱོནལོ་གསུམ་བཞུགས། སློབ་ཚོགས་བསྐྱངས། ཞི་བྱེད་བརྒྱུད་པ་བར་མ་རྨ་ལུགས་ཞེས་པ་སྲོལ་བཏད། བརྒྱུད་པ་ཟམ་མ་ཆད་པར་བྱུང་། སློབ་མ་གྲགས་ཆེ་བ་ནི་གང་བར་གཤེན་དང་། ཤུད་པུ་ལོ་ཙཱ་བ། བླ་མ་སེའུ། སོག་པོ་མདོ་སྡེ། ཞང་དགའ་ལྡན་པ་རྣམས་ཡིན། །

{{#arraymap:རྨ་སྒོམ་ཆོས་ཀྱི་ཤེས་རབ་

|; |@@@ | | }}