81488
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | གནམ་གྱི་དཔྱང་ཐག་གི་མིང་སྟེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། རྨུ་ཐག་ནི་དར་ལྕོག་དང་ཤམ་བུའི་སྟེ། བོན་པོའི་ལུགས་ལ། ལྷ་ལས་བབ་པའི་རྒྱལ་པོ་རྣམས་ལ་སྤྱི་བོ་ནས་ནམ་མཁའི་བར་འོད་ཀྱི་ཐག་པ་ཞིག་ཡོད། གཤེགས་དུས་འོད་ཀྱི་ཐག་པ་དེ་ནས་བརྒྱུད་དེ་ནམ་མཁར་འགྲོ་བའི་ཐག་པ་དེ་ལ་རྨུ་ཐག་ཟེར་བར་བཤད་ལ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྲས་ཀྱིས་ཆིབས་ཁ་ཐུབ་པར་གྱུར་པ་ན། །རྨུ་ཐག་ལ་འཇུས་ནམ་མཁར་གཤེགས་སོ་སྐད་ཞེས་པ་ལྟ་བུའོ། ། |
{{#arraymap:རྨུ་ཐག་
|; |@@@ | | }}