81548

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྨེའུ་རྒྱལ་པོ་ (1)
Part of speech མིང་ཚིག
Definition རྔ་བའི་རྨེའུ་རྒྱལ་པོའམ་རྨེའུ་ཚང་ནི། ཐོག་མར་སྟོད་མངའ་རིས་ནས་རྨེའུ་ངམ་ཆེན་སྐྱོལ་བོ་དང་དེའི་སྲས་རྨེའུ་འདུལ་བ་བརྩོན་སོགས་བྱུང་ཞིང་། རྨེའུ་རྒྱལ་གྱི་ལྷུན་པོ་ཞེས་པ་དབུས་སུ་བྱོན་ནས་གཞི་བཟུང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ཙམ་ལ་མདོ་ཁམས་སྨད་དུ་ཆད་དེ། རིམ་གྱིས་རྔ་ཡུལ་འདིར་རྨེའུ་དཔོན་ཚང་དང་། རྨེའུ་མོ་བ་ཚང་། རྨེའུ་དཔལ་ཚང་། རྨེའུ་སྒང་། རྨེའུ་ཕྱུག་ཚང་སོགས་ཁྱིམ་ཁག་བཅོ་བརྒྱད་ཙམ་ཡོད་པར་བཤད། དེ་ནས་རྨེའུ་དཔོན་རྒན་གནམ་སའི་བཀར་ཤིང་ཞེས་མཐུ་སྟོབས་དབང་ཐང་ཅན་རེ་བྱོན་ཅིང་། རྨེའུ་ཚང་གི་རྒྱལ་གཞིས་ནི་དང་པོར་ཁ་ཤིའི་གྲོང་ཚོ་ན་ཡོད་པ་དང་། དེ་ནས་རྒྱལ་ཁང་ངོ་ཞེས་པར་སྤོས་ཟེར། ཕྱིས་སུ་ད་ལྟའི་རྒྱལ་ཁང་ཡོད་ས་ཐེའུ་ཆུང་དུ་སྤོས། ཕྱི་ལོ་ ༡༧༦༠ ཙམ་ལ་རྨེའུ་རྒྱལ་པོ་ཚེ་དབང་སྐྱབས་དང་རྨེའུ་དཔོན་མོ་ཨ་འབོས་བཟའ་གཉིས་ཀྱི་རིང་ཀིརྟི་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་ལྷ་ཆེན་ཚངས་པ་རྨེའུ་ཚང་གི་ཁྱིམ་གྱི་སྲུང་མ་དང་། དར་འཛོམས་སྟག་རི་དགྲ་འདུལ་རིའི་གཞི་བདག་ཏུ་བཀོད། དེ་ནས་བཟུང་ཀིརྟི་ཚང་རྩ་བའི་བླ་མ་གཅིག་ཆོག་ཏུ་བཀུར། མགོ་ལོག་གི་བླ་སྔགས་ཤིག་འོངས་ནས་མནན་གཏད་བྱས་པས་ཉམས་རྒུད་སོང་བ་ཕྱི་ལོ་ ༡༨༦༠ ལོར་རྨེའུ་དཔོན་མོ་བདེ་སྒྲོན་དང་བློན་རྨེ་དཀོམ་སོགས་ཀྱིས་སྐྱབས་མགོན་ཀིརྟི་བློ་བཟང་འཕྲིན་ལས་ཚང་ལ་ཞུས་ཏེ་སླར་གསོས། དབལ་ཤུལ་རྡོ་སྨད་དཔོན་ཚང་གི་བུ་ལྕགས་ཐར་འབུམ་རྨེའུ་སང་གི་སྲས་དོད་དུ་བསུས། དེ་ལ་མཆོག་རྩེ་བཟའ་སྐྲ་དཀར་མ་ཆུང་མར་བླངས། སྐྱབས་རྗེ་བློ་བཟང་འཕྲིན་ལས་ཚང་ལ་གསོལ་བ་བཏབ་པ་ལྟར་ཕྱི་ལོ་ ༡༨༧༠ ལོར་རྔ་བ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་ཕྱག་བཏབ། རྨེའུ་ལྕགས་ཐར་འབུམ་གྱི་སྲས་རྨེའུ་མགོན་པོ་བསོད་ནམས། དེའི་སྲས་མོ་དཔལ་ཆེན་དོན་འགྲུབ་འཚོ། དེ་ལ་མགོ་ལོག་དབང་ཆེན་གྱི་མི་རྒྱུད་དགེ་བཟའི་བུ་ཆེ་བ་ཞིང་སྐྱོང་བཀྲ་ཤིས་མག་པར་བསུས། དེ་གཉིས་ཀྱི་སྲས་རྨེའུ་ཆོས་རྒྱལ་ཆེན་པོ་དཔལ་མགོན་འཕྲིན་ལས་རབ་བརྟན་མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་(དེའི་སྔ་ལོ་ ༡༩༡༥ ལོར་འཁྲུངས་ཟེར་བའང་ཡོད། ) འཁྲུངས། རྒྱལ་པོ་འདི་ནི་རྨེའུ་རྒྱལ་ཐོག་བཅུ་བཞི་པ་ཡིན་ཟེར། དཀོན་མཆོག་ལ་དད་གུས་ཆེ་ཞིང་། འབངས་སྐྱོང་བ་ལ་མཁས་པ། མི་རིགས་ཀྱི་ལར་ཞེན་གཡོ་བ་མེད་པའི་དབུ་ཁྲིད་ཅིག་ཡིན། སྐབས་དེར་རྨེའུ་ཚང་གི་མངའ་ཁོངས་སུ་མཱ་བློན་ཤོག་ཀ་བཅུ་གཉིས་དང་རྨེའུ་རུ་མ་ཚོ་པ་བདུན་ནམ་བརྒྱད་སོགས་རོང་འབྲོག་གི་ལྷ་སྡེ་མི་སྡེའི་མངའ་ཐང་རྒྱ་ཆེ། རྒྱལ་པོ་དེ་ཉིད་རིག་གནས་གསར་བརྗེའི་སྐབས་ཕྱི་ལོ་ ༡༩༦༦ ལོར་ཆུར་མཆོངས་ནས་སྐུ་གཤེགས།

{{#arraymap:རྨེའུ་རྒྱལ་པོ་

|; |@@@ | | }}