81591

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:31, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྨོངས་པ་གདུང་བ་སེལ་བའི་བྱུང་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱུང་ཚུལ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མདོ་དགོངས་པ་འདུས་པར་གསང་སྔགས་ཀྱི་ཆོས་འཇིག་རྟེན་དུ་བྱུང་བའི་སྐབས་བཅུ་གཉིས་སུ་གསུངས་པ་ལས། འདི་ནི་ད་ལྟའི་བསྐལ་པ་འདིའི་དབང་དུ་བྱས་ན་སྟོན་པ་འདའ་ཁར་ལུང་བསྟན་པ་ལྟར་ལོ་ཉི་ཤུ་རྩ་བརྒྱད་རྗེས་དམ་པའི་རིགས་ཅན་ལྔ་པོ་ནང་དུ་མཉམ་པར་འཇོག་པ་ལས་བཞེངས་ནས་རི་བོ་མ་ལ་ཡའི་རྩེར་ལྷན་དུ་འདུས་ཤིང། སྟོན་པ་གཤེགས་པའི་མྱ་ངན་གྱིས་གདུང་བས་སྒྲོན་མ་ནུབ་པས་མུན་པ་གང་གིས་སེལ་ཞེས་དྲིས་པ་ལ་སོགས་པ་དྲི་བའི་ཚུལ་དུ་གདུང་བའི་སྨྲས་ངག་ཉེར་གསུམ་བཏོན་པ་ན། གསང་བདག་དངོས་སུ་བྱོན་ནས་གདུང་བ་སེལ་ཞིང་མདོ་དགོངས་པ་འདུས་པའི་རྒྱུད་སོགས་སྔགས་ཀྱི་རྒྱུད་སྡེ་མང་དུ་གསུངས་ནས་གསང་སྔགས་ཀྱི་བསྟན་པ་བྱུང་པ་ལྟ་བུའོ། །འདིའི་སྐོར་མདོ་དགོངས་པ་འདུས་པ་ལེའུ་དྲུག་པ་ཡན་ཆད་ཀྱིས་བསྟན་ནོ། །
Domain ཆོས་ལུགས།

{{#arraymap:རྨོངས་པ་གདུང་བ་སེལ་བའི་བྱུང་བ་

|; |@@@ | | }}