81722

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩ་བ་བློ་བཟང་རྒྱ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ཕྱི་ལོ་ ༡༧༠༠ ལོར་རྩ་བའི་ཨ་སྡེར་སྐུ་འཁྲུངས། བློ་བཟང་ཆོས་དབྱིངས་པའི་དྲུང་ནས་རབ་ཏུ་བྱུང་། བྱང་ཁྱུང་དགོན་པའི་ཆོས་སྒོར་ཞུགས་ནས་ཟུར་བཀོལ་ཡན་ཆད་ལེགས་པར་སྦྱངས། བཅུ་གསུམ་པར་དབུས་སུ་ཕེབས་ནས་སེར་བྱེས་གྲྭ་ཚང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔར་ཐུགས་བརྩོན་མཛད། ལྷ་རམས་པའི་མཚན་བཏགས་བཞེས། སྨད་རྒྱུད་གྲྭ་ཚང་དུ་ཞུགས་ནས་གསང་སྔགས་ཀྱི་གཞུང་ལ་གསན་བསམ་མཛད། རྒྱལ་བ་ཡབ་སྲས་དང་། ཁྲི་ངག་དབང་མཆོག་ལྡན། བླ་མ་བྱམས་པ་སོགས་ལས་བཀའ་ཆོས་མང་དུ་གསན། རང་དགོན་དུ་ཕེབས་ནས་རྒྱུད་པ་གསར་འཛུགས་ཀྱིས་རྡོ་རྗེ་སློབ་དཔོན་ལོ་བཅུ་གཉིས་མཛད། འཆད་ཉན་དང་སྒྲུབ་མཆོད་སོགས་ཀྱི་སྲོལ་བཏོད། རེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྦྲུལ་ཕྱི་ལོ་ ༡༧༦༡ ལོར་བྱ་ཁྱུང་དགོན་པའི་ཁྲིར་བཞུགས། གདན་ས་ལོ་བཅུ་གསུམ་རིང་བསྐྱངས། ལམ་རིམ་དང་། སྐྱེས་རབས། སྤྱོད་འཇུག་སོགས་ཀྱི་བཤད་པ་དང་། བདེ་གསང་འཇིགས་གསུམ་གྱི་དབང་། མགོན་བཀའི་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་དང་། རྩོད་གྲྭ་ལ་རྟིང་བསྐུལ་ཤིན་ཏུ་སྨར། བླ་བྲང་སེང་ཁྲི་ཁང་དང་། གནས་བཅུའི་ལྷ་ཁང་ཞིག་གསོས། ཙོང་ཁ་བརྒྱད་ཅུ། རིགས་ལྡན་ཉེར་ལྔ་སོགས་ཀྱི་ཞལ་ཐང་གྲངས་མང་བཞེངས། པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་ཆོས་སྡེ་རྒྱབ་རྟེན་གྱི་དོན་དུ་བཀའ་ཤོག་ཞུས་པ་སོགས་ཐུགས་ཀྱི་བཞེད་དོན་ཡོད་དགུ་གྲུབ་པར་མཛད། གྱ་དྲུག་པ། རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༧༨༥ ལོར་སྐུ་གཤེགས། བྱ་ཁྱུང་དགོན་པའི་གདན་རབས་སོ་བརྒྱད་པ་ཡིན།

{{#arraymap:རྩ་བ་བློ་བཟང་རྒྱ་མཚན་

|; |@@@ | | }}