81747

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩ་བའི་དམ་བཅའ་བརྒྱད་ (1)
Part of speech མིང་ཚིག
Definition མདོ། ཐལ་འགྱུར་པ། དགེ་ལུགས། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། གྲུབ་མཐའ་འོག་མ་རྣམས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱི་གཙོ་བོ་ལ་དུ་མ་ཡོད་དེ། རྩ་བའི་དམ་བཅའ་བརྒྱད། འཕྲོས་པ་ཡན་ལག་ལྟ་བུའི་དམ་བཅའ་དང་བཅས་པ་ཡོད་པའི་ཕྱིར། དང་པོ་ལ་བརྒྱད་ཡོད་དེ། རང་བཞིན་གྱིས་མ་གྲུབ་པ་གཞིར་བྱས་པའི་སྒོ་ནས། འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་མྱོང་དང༌། བདེན་འཛིན་ཉོན་སྒྲིབ་དང༌། ཕྱི་དོན་ཡོད་པ་དང༌། ཞིག་པ་དངོས་པོར་ཡོད་པ་དང་བཅས་པའི་སྒྲུབ་པའི་དམ་བཅའ་བཞི་དང༌། ཀུན་གཞི་མེད་པ་དང༌། རང་རིག་མེད་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་མེད་པ་དང༌། གཞན་སྐྱེ་མི་འདོད་པ་དང་བཅས་པའི་དགག་པའི་དམ་བཅའ་བཞི་དང་བཅས་པའི་བརྒྱད་ཡོད་པའི་ཕྱིར། ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། ཟབ་མོ་རྣམ་པ་བརྒྱད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད། རྩ་བའི་དམ་བཅའ་བརྒྱད་རྣམས་སོ། །
Domain ཆོས་ལུགས།

{{#arraymap:རྩ་བའི་དམ་བཅའ་བརྒྱད་

|; |@@@ | | }}