81810

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩ་མི་སངས་རྒྱས་གྲགས་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་སྨད་དུ་མདོ་ཁམས་མི་ཉག་ཡུལ་དུ་འཁྲུངས། བོད་ཡུལ་ནས་ཐོག་མར་སློབ་གཉེར་མཛད། བར་བ་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས། འདུལ་གཞུང་སོགས་ལ་ཐུགས་བརྩོན་མཛད། ཁ་ཆེ་དང་བལ་ཡུལ་བརྒྱུད་རྒྱ་གར་དུ་ཕེབས། པཎྜི་ཏ་ཨ་བྷ་ཡ་ཀ་ར་གུ་སྟ་སོགས་ལས་མདོ་སྔགས་གཉིས་ལ་མཁས་པར་སྦྱངས། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། རབ་བྱུང་གཉིས་པའི་མེ་རྟ་ཕྱི་ལོ་ ༡༡༢༦ ལོར་ཡས་མས་སུ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་རྒྱ་གར་དུ་ཕེབས། རྩ་མི་སངས་རྒྱས་གྲགས་པ་དེར་བསྟེན་ཏེ། ལོ་བཅུ་རིང་སློབ་གཉེར་མཛད། རྒྱ་གར་རྡོ་རྗེ་གདན་དུ་སྟོན་པའི་རྒྱལ་ཚབ་མཛད། མཐར་རྒྱ་གར་དུ་སྐུ་གཤེགས་པར་གྲགས། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་བ་མན་ངག་གི་སྙེ་མ་ཤོ་ལོ་ཀ་སྟོང་ཕྲག་བརྒྱད་པ་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་དྲི་མ་མེད་པའི་འོད། དཔལ་མགོན་པོའི་ནང་སྒྲུབ། དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས། ཡན་ལག་གི་དམ་ཚིག རྡོ་རྗེ་ཐེག་པའི་ལྟུང་བའི་སྙེ་མ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་ལས་ཀྱི་ཆོ་གོ་བཅས་བཞུགས།

{{#arraymap:རྩ་མི་སངས་རྒྱས་གྲགས་པ་

|; |@@@ | | }}