81854

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩ་རྒྱུད་ཀྱི་དུས་ལོ་ (1)
Part of speech མིང་ཚིག
Definition སྟོན་པ་མྱ་ངན་ལས་འདས་ནས་ཆོས་རྒྱལ་བདུན་དང་། རིགས་ལྡན་གཉིས་ཏེ་མི་ལོ་བདུན་བརྒྱ་དང་གསུམ་གྱི་ཡུན་ལ་དུས་འཁོར་རྩ་རྒྱུད་བསྟན་པ་སྟེ། རྩིས་གཞུང་ཉིན་བྱེད་སྣང་བ་ལས། ལྕགས་སྦྲུལ་དེ་ལ་ཟླ་བཟང་གིས། །རྩ་རྒྱུད་བསྡུས་ཤིང་འགྲེལ་པས་བཀྲལ། །ལོ་ངོ་གསུམ་པ་སྐལ་ལྡན་ལ། །བཤད་ནས་ཆུ་ལུག་མ་ལ་ཡར། །དཀྱིལ་འཁོར་བཞེངས་ཏེ་སྤྲུལ་པ་བསྡུས། །དེ་འོག་ཤིང་ཕོ་སྤྲེལ་ལོ་ནས། །ལྷ་དབང་དང་ནི་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག ། སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །རེ་རེས་ལོ་བརྒྱར་རྒྱུད་བསྟན་ཕྱིར། །ཞེས་དང་། དྲུག་བརྒྱ་འདས་པའི་ཤིང་སྤྲེ་ནས། །གྲགས་པས་ལོ་བརྒྱར་རྩ་རྒྱུད་བསྟན། །ཞེས་བྱུང་། དེས་ན་ཕུག་པ་ཞལ་ལུང་ལུགས་འདི་ལ་སྟོན་པ་འདས་པའི་ཕྱིར་ལོ་ལྕགས་མོ་སྦྲུལ་ནས་དྲུག་ཅུ་སྐོར་བདུན་དང་བགྲང་བྱ་གཉིས་རིལ་བོ་ལོངས་པ་ཤིང་ཕོ་བྱི་བའི་ལོའི་བར་རམ་ཡང་ན་ཕྱི་ལོ་སྔོན་གྱི་ལོ་༨༨༠་པ་ནས་ཕྱི་ལོ་སྔོན་གྱི་ལོ་༡༧༧་པའི་བར་ལ་མི་ལོ་༧༠༣་ཡོད་པ་དེའོ། །
Domain རྩིས་རིག

{{#arraymap:རྩ་རྒྱུད་ཀྱི་དུས་ལོ་

|; |@@@ | | }}