81890

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩ་ལྟུང་བཅུ་བཞི་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། སྔགས་སྡོམ་གྱི་རྩ་བའི་སྤང་བྱ་བཅུ་བཞི་སྟེ། རྡོ་རྗེ་སློབ་དཔོན་ལ་བརྙས་པ་དང༌། བདེ་གཤེགས་བཀའ་ལས་འདས་པ། རྡོ་རྗེའི་སྤུན་ལ་འཁུ་བ། བྱམས་པ་འདོར་བ། བྱང་སེམས་འདོར་བ། ཆོས་ལ་སྨོད་པ། གསང་བ་སྒྲོག་པ། ཕུང་པོ་ལ་བརྙས་པ། རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ། མངོན་སྤྱོད་བྱ་བར་འོས་པའི་ཡུལ་ལ་བྱམས་པ། མིང་དང་བྲལ་བའི་ཆོས་ལ་རྟོག་གེས་བློས་འཇལ་བ། དད་ལྡན་སེམས་སུན་འབྱིན་པ། དམ་རྫས་ཇི་བཞིན་མི་བསྟེན་པ། ཤེས་རབ་མར་སྨོད་པ་བཅས་བཅུ་བཞི་སྟེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོར་བཤད། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པར་བརྗོད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་བ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡི། །ཡོངས་སུ་མ་སྨན་སེམས་ཅན་ལ། །གསང་བ་སྒྲོགས་པ་བདུན་པ་ཡིན། །ཕུང་པོ་སངས་རྒྱས་ལྔ་བདག་ཉིད། །དེ་ལ་སྨོད་པ་བརྒྱད་པ་ཡིན། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་རྫས་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་སོ་ཞེས་སྡོམ་གསུམ་འཇམ་དབྱངས་བླ་མའི་དགོངས་རྒྱན་གྱི་རྣམ་འགྲེལ་ལས་སོ། ། བླ་མེད་ལ་ལྟོས་པའི་རྩ་ལྟུང་ནི། བླ་མེད་ཀྱི་སྡོམ་པ་གོང་འོག་གཉིས་ཡོད་ཀྱང་། རྩ་བའི་ལྟུང་བ་ནི་བཅུ་བཞི་པོ་ཁོ་ནར་ངེས་ཏེ། སྡོམ་པ་ལ་དབང་གི་དབྱེ་བས་གཉིས་སུ་བཤད་ཀྱང་། རྩ་བའི་ལྟུང་བ་ལ་མི་འདྲ་བའི་དབྱེ་བ་མ་བཤད་པའི་ཕྱིར་དང་། དུས་ཀྱི་འཁོར་ལོར་རྫོགས་རིམ་གྱི་སྡོམ་པ་ཐོབ་ནས་རྩ་ལྟུང་བཅུ་བཞི་པོ་གང་རུང་འབྱུང་ན། ཆད་ལས་ཀྱིས་འདག་པའི་ཐབས་མེད་པར་གསུངས་པའི་རྒྱུ་མཚན་གྱིས། སྔགས་ཀྱི་སྡོམ་པ་བསྲུང་རྒྱུ་མེད་པ་བཞིན་ནོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་སྡོམ་གསུམ་འབེལ་གཏམ་རྣམ་པར་ངེས་པ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྩ་ལྟུང་བཅུ་བཞི་

|; |@@@ | | }}

རྩ་ལྟུང་བཅུ་བཞི་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག རྩ་ལྟུང་དང་པོ་རྡོ་རྗེ་སློབ་དཔོན་ཐུགས་མི་མཉེས་པས་བྱས་པ་སྟེ། མི་དགེ་བ་དང་ལུང་མ་བསྟན་བྱས་པས་ཐུགས་དཀྲུགས་ན་རྩ་ལྟུང་ངོ་། །དམིགས་བསལ་ལ་རང་གིས་དགེ་བ་བྱས་པ་ལ་མ་དགྱེས་ན། རྩ་ལྟུང་དུ་ནི་མི་འགྱུར། འདི་ལའང་དམིགས་བསལ་རྩ་ལྟུང་དུ་འགྲོ་བ་ཡོད་དེ། སྔར་དགེ་བ་རླབས་ཆེན་ལ་འཇུག་པར་ཆད་པ་ལས། དགེ་བ་དམན་པ་ཆུང་ངུ་ལ་ཞུགས་པས། ཐུགས་དཀྲུགས་ན་རྩ་ལྟུང་ངོ་། །གཉིས་པ་བླ་མའི་བཀའ་ལས་འགོངས་པ་ནི། སྡིག་པ་ལ་སྦྱོར་བའི་ཚིག་མ་ཡིན་པའི་བླ་མའི་བཀའ་གཅོག་པ་སྟེ། དེ་ཡང་ལུང་མ་བསྟན་བཅག་ན་རྩ་ལྟུང་ཡང་བའི་རིགས་དང་། དགེ་བའི་གསུང་བཅག་ན་ཤིན་ཏུ་ལྕི་བའོ། །མི་དགེ་བ་ཅན་གྱི་གསུང་བཅག་ན་རྩ་ལྟུང་ནི་མེད། བཀའ་འདས་ཀྱི་ཉེས་པ་ཙམ་ཡོད་དོ། །གསུམ་པ་ནི། གསང་སྔགས་ཀྱི་ཆོས་ལ་བརྟེན་པའི་བླ་མ་གཅིག་པ་ནི་རྡོ་རྗེ་སྤུན་ཏེ། དེ་ལ་སྡིག་གསོག་པ་ནི། ནང་དམེ་ཡིན་པའི་ཕྱིར། ཉེས་པ་ལྕི་ཞིང་སྦྱོང་དཀའ་བའི་རིགས་སོ། །བཞི་པ་ནི། བྱམས་པ་སྤོང་བ་ཞེས་སྨོས་ཀྱང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྤོང་བ་སྟེ། གཏན་དུ་བྱམས་པ་སྤངས་ན་སེམས་ཅན་གཅིག་ལ་བྱམས་པ་སྤངས་ཀྱང་འདིར་འགྱུར་རོ། །འདིར་ལྔ་པ་ནི། མི་འགྱུར་བའི་བདེ་བ་མ་དད་ཅིང་ཞུ་བདེ་འགྱུར་མེད་ལ་དགོས་པ་མེད་པར་བསམས་ནས། ཀུན་ད་བྱང་སེམས་ཆེད་དུ་ཉམས་པར་བྱེད་པའོ། །དྲུག་པ་ནི། ནང་པ་སངས་རྒྱས་པའི་གྲུབ་མཐའ་ཡིན་པ་ཅིག་ལ། སྡང་སེམས་ཀྱིས་སྨོད་པ་དང་། བདུན་པ་ནི། དབང་བསྐུར་མ་ཐོབ་པའམ་མི་མོས་པ་ལ་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གསང་བ་སྟོན་པའོ། །བརྒྱད་པ་ནི། ལྷའི་ཁྱད་པར་སྒྲུབ་པ་སོགས་ཀྱི་དགོས་པ་མེད་པར་རང་གི་ལུས་མི་གཙང་ངོ་ཞེས་སྨོད་པས་ཡན་ལག་གཅོད་པ་ལ་སོགས་པའི་བར་དུ་གདུང་བ་རྩོམ་པ་དང་། དགུ་པ་ནི། ཀུན་རྫོབ་ཀྱི་ཆོས་རྣམས་གདོད་ནས་སྟོངས་པ་དང་། དོན་དམ་གནས་ལུགས་འགྱུར་མེད་ཟུང་འཇུག་ཏུ་གདོད་ནས་རང་གྲུབ་པའི་དོན་གོ་བའི་རྗེས་སུ་སླར་མི་འཐད་དོ་སྙམ་པ་མ་དད་པའོ། །བཅུ་པ་ནི། ཁ་འཇམ་ཞེ་གདུག་པས་གཞན་བསླུ་བ་དང་། བཅུ་གཅིག་པ་ནི། གསང་སྔགས་ཀྱི་ཐབས་ཟབ་མོ་རྨད་དུ་བྱུང་བ་ལ་མ་དད་པ་དང་། བཅུ་གཉིས་པ་ནི། དག་པའི་སེམས་ཅན་ཞེས་བྱ་བ་ནང་དུ་ཡང་དག་པའི་ལམ་རྒྱུད་ལ་སྐྱེས་པ་ལ་ཟེར། དེ་འདྲའི་གང་ཟག་ལ་དེ་འདྲ་ཡིན་པར་ངེས་པའམ། ཡིན་མིན་ཐེ་ཚོམ་ཟ་བཞིན་དུ། རང་འདོད་ཀྱི་དབང་གིས་སྐུར་བ་འདེབས་པའོ། །བཅུ་གསུམ་པ་ནི། སྔགས་ཀྱི་སྤྱོད་པ་ལ་ཞུགས་ནས་ཚོགས་ཀྱི་གྲལ་དུ་ཐབས་ཤེས་ཀྱི་རྫས་སོགས་ལོངས་སྤྱོད་ཀྱི་དམ་ཚིག་རྣམས་མི་གཙང་བ་དང་། ཉེས་དམིགས་ཆེ་བའི་བསམ་པས་སྤོང་པ་དང་། བཅུ་བཞི་པ། ཡུལ་བུད་མེད་གཅིག་ལ་སྨད་ཀྱང་རུང་། དུ་མ་ལ་སྨད་ཀྱང་རུང་སྟེ། སྨོད་ལུགས་རིགས་འདེད་པའི་སྒོ་ནས་སྨད་ན། བུད་མེད་ཐམས་ཅད་ལ་སྨད་པར་འགྱུར་བ་སྟེ། བུད་མེད་ཀྱི་རིགས་འདིས་ཅིང་ཡང་མི་རུང་ཞེས་པ་ལྟ་བུའོ། །

{{#arraymap:རྩ་ལྟུང་བཅུ་བཞི་

|; |@@@ | | }}