81927

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 17:32, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩངས་པ་ (1)
Part of speech མིང་ཚིག
Definition འབུ་རྨིགས་པ། ས་གནས་མང་ཆེ་བར་རྩངས་པ་ཁ་རལ་ཞེས་འབོད་པའི་སྲོག་ཆགས་རིགས་ཤིག་སྟེ། འདི་ལ་ནགས་རྩངས་དང་ཀླུང་རྩངས་རིགས་གཉིས་ཡོད། ནགས་རྩངས་ནི་ལུས་མཐོ་གང་ནས་ཁྲུ་རེ་མན་ཆད་མ་ངེས་པ་གངས་སྦལ་འདྲ་ལ། མཇུག་མ་ནས་ལུས་སྤྱིར་ཟེ་བ་སོགས་ཡོད་ཀྱང་ཚིལ་མེད་པ་ཡིན། འདིའི་ཤ་ཡང་འབྱར་བག་ཡོད་པ་འོད་ཤིག་གེ་བ་པགས་པ་ཡང་བརྡུངས་ཚེ་ཆག་པ་བཟང༌། ཤ་ཆུང་སྐྱ་བ་པགས་པ་སྲབ་ལ་སྲ་བ་ངན། ཀླུང་རྩངས་ནི་རིང་ཚད་སོར་བཞི་ནས་མཐོ་རེའི་བར་ཡོད་ཅིང༌། མཇུག་མ་རིང་ ལ་ཟེ་བ་མེད། ལུས་ཕྲ། ཡན་ལག་མཉེན། པགས་པ་སྲབ་ལ་ནག་ཁྲ། ཚིལ་ཡོད་པ་ཀླུང་འགྲམ་བྲག་སོགས་ལ་གནས་པའོ། །ས་བབ་དབང་གིས་རྩངས་པ་ལའང་ཆེ་ཆུང་འདྲ་མིན་ཡོད་པ་སྟེ། དབུས་གཙང་སོགས་ཀྱི་རྩངས་པ་གཟུགས་ཆུང་ལ་མགྲིན་པ་རིང་ཞིང་ཁ་དོག་ནག་ལ་རྩུབ་པ་དང༌། མཇུག་མ་རིང་ཞིང་རྩེ་ཕྲ་བ་ཡིན། ཀོང་པོ་སོགས་ས་བབ་ཅུང་དམའ་ལ་གནམ་གཤིས་དྲོ་བའི་རྩངས་པ་ནི་གཟུགས་གྲུ་བཞིའི་རྣམ་པ་ཅན་ལ་ཡན་ལག་དང་མཇུག་མ་ལྷག་པར་རིང་ཞིང་མགོ་བོ་ཆེ་བ་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ནི་སྐམ་ཤས་ཆེ་ཙམ་ཡིན་པའི་བྲག་སྲུབས་དང་གཡམ་པའི་སྲུབ་སོགས་ཡིན་ཞིང༌། ཞོགས་པ་ཉི་མ་ཤར་འཕྲལ་རྡོ་དང་གཡམ་པའི་སྒང་ལ་བསྡད་དེ་ཉི་མ་སྲོ་བ་དང༌། གནོད་འཚེ་བྱེད་མི་སོགས་མཐོང་ཚེ་མྱུར་བར་བྲག་དང་གཡམ་པའི་སྲུབས་ཀྱི་ཁུང་དུ་འཛུལ་བ་ཡིན། འདི་ལ་རླུང་ད་བྱིད་ཅེས་རླུང་འགམ་ནས་འཚོ་བ་ཡིན་ཟེར་ཡང་འདིའི་ཁོག་པ་གཤགས་ན་གྲོད་པའི་ནང་དུ་རྩྭ་དང་བྱེ་མ་སོགས་མཐོང་རྒྱུ་ཡོད། མིང་གི་རྣམ་གྲངས་ལ་བཀྲ་བ་དང༌། ཁྱིམ་ལྡན། རྒྱལ་བ་ཐུ་བོ། ཉིན་སོ་བ། ད་བྱིད། མདུང་ཅན། མིག་སྨན་རྩྭ། རལ་གྲི་ཅན། བཤོལ་ལྡན། སོག་ལེ་ཅན་བཅས་སོ། །

{{#arraymap:རྩངས་པ་

|; |@@@ | | }}

རྩངས་པ་ (2)
Part of speech མིང་ཚིག
Definition ཡན་ལག་གི་རླུང་ལྔའི་ཡ་གྱལ་ཏེ། ཀླད་པའམ་དབུའི་ནུབ་བྱང་མཚམས་ནས་ཀུན་འཕྱང་པའི་རྩ་ལས་རྣ་བུག་དང་འབྲེལ་ནས་རྒྱུ་བ། བྱེད་ལས། དྲི་འཛིན་པར་བྱེད་ཅིང་། རྩེ་མོ་གཞན་རྣམས་ཀྱིས་ཁོང་ཁྲོ་འཁྲུག་པར་བྱེད།
Domain གསོ་རིག

{{#arraymap:རྩངས་པ་

|; |@@@ | | }}