82194

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:34, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩེ་དྲུག་ལྷུན་གྱི་སྒང་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། སྔར་ཡབ་ཁྲི་བཞི་ནམ་ཏིང་དང་ཡུམ་བཟང་ཟ་རིང་བཙུན་སྲས་འཆི་མེད་གཙུག་ཕུད་རྣམས་ཀྱིས་གསང་སྔགས་ཀྱི་བོན་སྡེ་སྒྲུབ་པའི་གནས་ཤིག་སྟེ། དེ་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་ན། གསེར་གྱི་རི་ལ་ཤེལ་གྱི་རྩེ་མོ་དྲུག་ཅན་ཞིག་ཡོད་པར་བཤད། དོན་དམ་གྱི་དབང་དུ་བྱས་ན། ཡེ་ཤེས་ཆེན་པོ་བཞིའི་རྩེ་བཞི། དེ་ཁར་ལུང་དོན་མཐར་རུ་ཕྱིན་པའི་རྩེ། མན་ངག་ཐིག་ལེ་དབྱིངས་ཀྱི་རྩེ་གཉིས་བསྣན་པའི་རྩེ་དྲུག་ཏུ་བཤད་དོ། །
Domain ཆོས་ལུགས།