82247
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། མཚན་ཉིད་ནི། མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སེམས་དཔའི་རྣལ་འབྱོར་རོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། སྦྱོར་ལམ་དང་། མཐོང་ལམ་དང། སྒོམ་ལམ་རྩེ་སྦྱོར་དང་གསུམ། མཚོན་བྱེད་ཆོས་ཀྱི་སྒོ་ནས་དབྱེ་ན། རྟགས་ཀྱི། རྣམ་འཕེལ་གྱི། བརྟན་པའི། སེམས་ཀུན་གནས་ཀྱི། མཐོང་ལམ། སྒོམ་ལམ། བར་ཆད་མེད་པའི་རྩེ་སྦྱོར། བསལ་བྱ་ལོག་སྒྲུབ་དང་བརྒྱད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:རྩེ་སྦྱོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གསུམ་བསྡུས་བསྒོམ་རབ་ཏུ་གྱུར་བའི་སྦྱོར་བ་སྟེ། དེ་རབ་ཅེས་དང་། རྩེ་མོའི་མངོན་རྟོགས་ནི། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རབ་ཀྱི་གནས་སྐབས་སོ་ཞེས་འདིར་བཤད་དོ། །གཉིས་པ་ནི། བསྡུས་བསྒོམ་སྔར་བའི་རྩེ་མོ་སྟེ་རབ་ཏུ་ཕྱིན་པའམ་སོན་པའོ། །གསུམ་པ་ནི། བདུན་ཡོད་ལ་ས་མཚམས་དྲོད་ནས་རྒྱུན་མཐའི་བར་ན་ཡོད། ཆོས་རྗེ་ཀུན་མཁྱེན་དོལ་པོ་བའི་ཕར་ཕྱིན་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་ལས། མཚན་ཉིད་དབྱེ་བ། ས་མཚམས་སོ། །དང་པོ་ནི། མཁྱེན་གསུམ་བསྡུས་སྒོམས་རབ་ཏུ་གྱུར་པའོ། །གཉིས་པ་ནི། འོག་ནས་འཆད་པའི་དོན་ལྔའོ། །གསུམ་པ་ནི། སྦྱོར་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །རྩེ་མོར་ཕྱིན་པ་དང་། ལུང་བསྟན་པ་དང་། ཕྱིར་མི་ལྡོག་པ་གསུམ་དོན་གཅིག་པའི་ཕྱིར་རོ། ། |
{{#arraymap:རྩེ་སྦྱོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁྱེན་གསུམ་བསྡུས་སྒོམ་རབ་ཏུ་གྱུར་པའི་སྒོམ་བྱུང་གི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་རོ། །དེ་ལ་དབྱེ་ལ། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་དང་བཞིའོ། ས་མཚམས་ནི། བྱང་སེམས་ཀྱི་སྦྱོར་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །རྒྱུད་ལ་སྐྱེས་པའི་དགོས་པ་ནི། རྩེ་སྦྱོར་ཆོས་ཅན། ཁྱོད་རྒྱུད་ལ་བསྐྱེད་པ་ལ་དགོས་པ་ཡོད་དེ། བདེན་འཛིན་གྱི་རྣམ་པར་རྟོག་པ་ཉིས་བརྒྱ་དང་བཅུ་དྲུག་ས་བོན་དང་བཅས་པ་མ་ལུས་པར་སྤངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་འཐོབ་པའི་བྱེད་ལས་དང་ལྡན་པའི་ཕྱིར་རོ། ། |
{{#arraymap:རྩེ་སྦྱོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྐབས་བཞི་པ་རྣམ་རྫོགས་སྦྱོར་བ་བཤད་པའི་རྗེས་སུ་ལྔ་པ་རྩེ་སྦྱོར་འཆད་པའི་རྒྱུ་ཚན་ཡོད་དེ། སྤྱིར་རྩེ་སྦྱོར་དེ་ལ་སྦྱོར་ལམ་རྩེ་སྦྱོར་ནས་བར་ཆད་མེད་པའི་རྩེ་སྦྱོར་གྱི་བར་བཞི་ཡོད་པ་ལས། རྒྱུ་འབྲས་དོན་གྱི་རིམ་པའི་དབང་དུ་བྱས་ནས་སྦྱོར་ལམ་རྩེ་སྦྱོར་དང་པོ་འཆད་པ་ཡིན་ལ། |
{{#arraymap:རྩེ་སྦྱོར་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཁྱེན་གསུམ་གྱི་རྣམ་པ་བསྡུས་ནས་སྒོམ་པ་ལ་དབང་ཐོབ་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར་དེ་རྩེ་སྦྱོར་གྱི་མཚན་ཉིད་ཡིན། སྒྲ་བཤད་ནི། ཅིའི་ཕྱིར་རྩེ་སྦྱོར་ཞེས་བྱ་ཞེ་ན། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ལ་དེ་ལྟར་དུ་བརྗོད་པའི་རྒྱུ་མཚན་ཡོད་དེ། རྣམ་རྫོགས་སྦྱོར་བའི་སྐབས་སུ་མཁྱེན་གསུམ་གྱི་དོན་རྣམ་བསྡུས་ནས་བསྒོམ་པ་ལས་གོང་རོལ་དུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་དུ་བརྗོད་པ་ཡིན་པའི་ཕྱིར། རྩེ་སྦྱོར་ལ་དབྱེ་ན། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་དང་བཞི་ཡོད་ཅིང༌། དང་པོ་དང༌། ཐེག་ཆེན་གྱི་སྦྱོར་ལམ་དོན་གཅིག་པ་ནས་བཟུང་སྟེ། ཕྱི་མ་རྣམས་ཀྱང་རིགས་འགྲེ། སྦྱོར་ལམ་རྩེ་སྦྱོར་དེ་ལ་དབྱེ་ན། སྦྱོར་ལམ་དྲོད་ཀྱི་རྩེ་སྦྱོར། དེ་རྩེ་མོའི་རྩེ་སྦྱོར། བཟོད་པའི་རྩེ་སྦྱོར། དེ་ཆོས་མཆོག་གི་རྩེ་སྦྱོར་དང་བཞི་ཡོད། |
{{#arraymap:རྩེ་སྦྱོར་
|; |@@@ | | }}