82705
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ས་གཡོ་བ་དང། གཅིག་ཏུ་བསྒྱུར་ཞིང་མང་དུ་བསྒྱུར་བ་ལ་སོགས་པ་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །སྤྱིར་རྫུ་འཕྲུལ་ལ་བཞི་སྟེ། སྐྱེ་བས་ཐོབ་པ་འདོད་གཟུགས་ཀྱི་ལྷ་དང་ཡི་དྭགས་དང་ཤ་ཟ་དག་གི་རྫུ་འཕྲུལ་ལྟ་བུ་དང། ལས་ལས་སྐྱེས་པ་རྒྱལ་པོ་ང་ལ་ནུ་དང་སྲིད་པ་བར་དོའི་ལྟ་བུ་དང། སྔགས་དང་སྨན་ལས་སྐྱེས་པ། སྔགས་ཀྱི་མཐུས་ནམ་མཁའ་ལ་འགྲོ་བ་དང། སྨན་འགའ་ཞིག་བཟུང་བས་མི་སྣང་བ་ལྟ་བུ་དང་། ཏིང་ངེ་འཛིན་ལས་བྱུང་བ་རྣལ་འབྱོར་པའི་མཐུ་མངོན་ཤེས་སུ་བགྲང་བའོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། ཀུན་མཁྱེན་གོ་རམས་པས། མཚན་ཉིད་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་ས་གཡོ་བ་ལ་སོགས་པའི་རྫུ་འཕྲུལ་དུ་མ་ཡང་དག་པར་འབྱོར་པར་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །འདི་ལ་སྐྱེས་ཐོབ་དང་ལས་ལས་སྐྱེས་པ་དང་སྔགས་དང་སྨན་གྱི་མཐུ་ལས་བྱུང་བ་དང། སྒོམ་པ་ལས་བྱུང་བ་དུ་མ་ཡོད་པའི་ནང་ནས་མངོན་ཤེས་སུ་བགྲང་བ་ནི་ཕྱི་མ་ཁོ་ནའོ། །ས་མཚམས་ནི། བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་ནས་སངས་རྒྱས་སའི་བར་དུ་ཡོད་དོ། ། |
Domain | ཆོས་ལུགས། |
{{#arraymap:རྫུ་འཕྲུལ་གྱི་མངོན་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ས་གཡོ་བ་སོགས་དུ་མ་གཅིག་ཏུ་སྒྱུར་ཞིང་གཅིག་མང་པོར་སྤྲུལ་བ་སོགས་བྱེད་ནུས་པའི་བསམ་གཏན་སས་བསྡུས་ཀྱི་སེམས་ཞིག་རྫུ་འཕྲུལ་གྱི་མངོན་ཤེས་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། མངོན་ཤེས་གང་ཞིག བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་སྤྲུལ་བསྒྱུར་སྣ་ཚོགས་བྱེད་པའི་ཆ་ནས་མངོན་ཤེས་སུ་བཞག་པས་རབ་ཏུ་ཕྱེ་བ་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད། རྟེན་ལ་ལུས་རྟེན་དང་སེམས་གཉིས་ལས། ལུས་རྟེན་ནི་འདོད་པའི་རྟེན་ཅན་དང་། སེམས་རྟེན་ནི་དག་པའི་བསམ་གཏན་བཞི་ཀ་ལ་རྟེན་ནས་འཐོབ་པ་དང། བྱེད་ལས་ནི་གདུལ་བྱ་མ་དད་པ་རྣམས་དད་པར་བྱེད་ལ། ས་མཚམས་ནི་བསམ་གཏན་གྱི་དངོས་གཞི་ཐོབ་པའི་ལམ་མ་ཞུགས་ན་ཡོད་པའི་ཕྱིར། ཞེས་གསུངས་སོ། ། |
{{#arraymap:རྫུ་འཕྲུལ་གྱི་མངོན་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མངོན་ཤེས་དྲུག་གི་ནང་གསེས་ཤིག་དང་། རྫུ་འཕྲུལ་གྱིས་ཡུལ་སྤྲུལ་པ་དང་འགྲོ་བ་མངོན་སུམ་དུ་ཤེས་པའི་ཤེས་རབ་སྟེ། མཆིམས་མཛོད་ལས། རྫུ་འཕྲུལ་གྱི་ཡུལ་སྤྲུལ་པ་དང་འགྲོ་བ་ཤེས་པ་དང༌། ཞེས་གསུངས། |
{{#arraymap:རྫུ་འཕྲུལ་གྱི་མངོན་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མངོན་ཤེས་དྲུག་པོ་གང་རུང་ཡང་ཡིན། སྤྲུལ་བསྒྱུར་སྣ་ཚོགས་ལ་འཇུག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ། སྤྱིར་རྫུ་འཕྲུལ་ལ་དབྱེ་ན། རྣམ་པར་སྨིན་པ་ལས་བྱུང་བའི་རྫུ་འཕྲུལ། ལས་ལས་སྐྱེས་པའི་རྫུ་འཕྲུལ། སྔགས་དང་སྨན་གྱི་མཐུ་ལས་བྱུང་བའི་རྫུ་འཕྲུལ། བསམ་གཏན་གྱི་ཏིང་ངེ་འཛིན་བསྒོམས་པའི་མཐུ་ལས་བྱུང་བའི་རྫུ་འཕྲུལ་དང་བཞིར་ཡོད། དང་པོ་ནི། འདོད་གཟུགས་ཀྱི་ལྷའི་རྫུ་འཕྲུལ་ལྟ་བུ། གཉིས་པ་ནི། བར་དོའི་སེམས་ཅན་གྱི་རྫུ་འཕྲུལ་ལྟ་བུ། གསུམ་པ་ནི། སྔགས་འགའ་ཞིག་ངག་ཏུ་བཟླས་པས་ནམ་མཁའ་ལ་འགྲོ་བར་ནུས་པའི་དེ་དང༌། སྨན་འགའ་ཞིག་ལུས་ལ་བཅངས་པས་དེ་ལྟར་བྱེད་ནུས་པའི་དེ་ལྟ་བུ། བཞི་པ་ནི། རྫུ་འཕྲུལ་གྱི་མངོན་ཤེས་ཉིད་ལ་བྱེད་དོ། ། |
{{#arraymap:རྫུ་འཕྲུལ་གྱི་མངོན་ཤེས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་གི་སེམས་རྟེན་དུ་གྱུར་པའི་བསམ་གཏན་གྱི་དངོས་གཞིའི་སེམས་སམ་སྙོམས་འཇུག་ལ་བརྟེན་ནས་སྤྲུལ་བསྒྱུར་སྣ་ཚོགས་པ་སྟོན་ནུས་པའི་སྒོ་ནས། རང་ཡུལ་མངོན་སུམ་དུ་རྟོགས་པའི་ཏིང་ངེ་འཛིན་ཤེས་རབ་མཚུངས་ལྡན་དང་བཅས་པའི་བློ་དེ། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་མཚན་ཉིད་ཡིན། ས་མཚམས། ལམ་མ་ཞུགས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད། |
{{#arraymap:རྫུ་འཕྲུལ་གྱི་མངོན་ཤེས་
|; |@@@ | | }}