82714

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫུ་འཕྲུལ་གྱིས་མི་གནས་པར་བསྐྱོད་པའི་རྟགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྟགས་ཀྱི་རྟོག་པའི་ནང་གསེས་ཤིག་སྟེ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། སྐད་ཅིག་མ་ལའང་ཐབས་ཁྱད་པར་ཅན་གྱི་རྐང་པ་བཞིས་བགྲོད་ནས་མཐར་ཐུག་གི་ས་ཆེན་པོར་སླེབ་ཅིང་ནོན་པར་བྱེད་པའི་རྫུ་འཕྲུལ་གྱིས་མི་གནས་པར་བསྐྱོད་པ་མཚོན་པའི་རྟགས་རྟ་མཆོག་རིན་པོ་ཆེ། ཞེས་དང་། རྫུ་འཕྲུལ་གྱིས་མི་གནས་པར་བསྐྱོད་པའི་རྟགས་གང་ཞེ་ན། འདི་ལྟ་སྟེ། མི་གཡོ་བའི་ངང་ལ་མ་འདྲེས་ཡོངས་སུ་རྫོགས་པས་ཆོས་ཉིད་ཀྱི་རྫུ་འཕྲུལ་དང་། ཆོས་ཀྱི་དབྱིངས་རྟོགས་ནས་མཁྱེན་པའི་སྒྲིབ་མེད་དུ་གསལ་བས་ཡེ་ཤེས་ཀྱི་རྫུ་འཕྲུལ་དང་། དཔེར་ན་སྤྲིན་གྱིས་གར་ཁྱབ་ནམ་མཁས་ཁྱབ་པ་ལྟར་བསོད་ནམས་ཀྱིས་གར་ཁྱབ་ཡེ་ཤེས་ཀྱིས་ཁྱབ་ལ། ཡེ་ཤེས་ཀྱིས་གར་ཁྱབ་ཐུགས་རྗེ་མི་གཡོ་བས་ཁྱབ་པར་གདལ་བས་ཐུགས་རྗེའི་རྫུ་འཕྲུལ་དང་། འགྲོ་འོང་མེད་པར་གང་ལ་གང་འཚམས་སུ་འདུལ་བས་སྤྲུལ་པའི་རྫུ་འཕྲུལ་ལོ། །ཞེས་གསུངས་སོ། །
Domain ཆོས་ལུགས།