82719

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། གླེང་གཞིའི་ལེའུ་དང་པོ། གླེང་བསླང་བའི་ལེའུ་གཉིས་པ། མཆོད་བསྟོད་གནང་བ་ཐོབ་པའི་ལེའུ་གསུམ་པ། རྒྱུད་བཟུངས་ཤིང་དམ་བཅས་པའི་ལེའུ་བཞི་པ། ངེས་དོན་བསྡུས་པའི་དབང་གི་ལེའུ་ལྔ་པ། མཆོད་བསྟོད་དབང་གི་གླེང་གཞིའི་ལེའུ་དྲུག་པ། རྣམ་གསུམ་བུམ་པའི་དབང་དོན་གྱི་ལེའུ་བདུན་པ། དབང་གི་བྱེ་བྲག་གི་ལེའུ་བརྒྱད་པ། དབང་གི་སྣོད་དང་སྐུར་ཐབས་ཀྱི་ལེའུ་དགུ་པ། དབང་གི་སྣོད་བརྟག་པའི་ལེའུ་བཅུ་པ། དཔོན་གསས་ཀྱི་མཚན་ཉིད་ཀྱི་ལེའུ་བཅུ་གཅིག་པ། དབང་ཡུམ་གྱི་མཚན་ཉིད་ཀྱི་ལེའུ་བཅུ་གཉིས་པ། དབང་ནོད་དུས་ཚོད་ཀྱི་ལེའུ་བཅུ་གསུམ་པ། དབང་རྟགས་སྦྱིན་པའི་ལེའ་བཅུ་བཞི་པ། རབ་གནས་ཀྱི་ལེའུ་བཅོ་ལྔ་པ། ཚེའི་དགོངས་པའི་ལེའུ་བཅུ་དྲུག་པ། ཚེའི་འཛབ་སྙིང་གི་ལེའུ་བཅུ་བདུན་པ། ཚེའི་ལས་རིམ་གྱི་ལེའུ་བཅོ་བརྒྱད་པ། བདུད་རྩི་ཞི་བའི་འཕྲིན་ལས་ཁྲོལ་བུའི་ལེའུ་བཅུ་དགུ་པ། ཕྱེ་ཁྲོལ་མཚམས་སུ་སྦྱར་བའི་ཡན་ལག་ལེའུ་ཉི་ཤུ་པ། ཁྲོ་བོའི་འཕྲིན་ལས་གཞུང་བསྲང་ཞིང་དངོས་གྲུབ་བླང་བའི་ལེའུ་ཉེར་གཅིག་པ། ཚོགས་འཁོར་དང་སྐོང་བའི་ལེའུ་ཉེར་གཉིས་པ། གནས་ཀྱི་མཚན་བྱང་དང་དཀྱིལ་འཁོར་ལ་ལྷ་འགོད་པའི་ལེའུ་ཉེར་གསུམ་པ། གནས་ཀྱི་དགོངས་པའི་ལེའུ་ཉེར་བཞི་པ། གནས་ཀྱི་འཕྲིན་ལས་ཀྱི་གོ་རིམ་གྱི་ལེའུ་ཉེར་ལྔ་པ། ཐུན་མོང་མ་ཡིན་པ་གནས་འབྲས་བུ་དང་བཅས་པའི་ལེའུ་ཉེར་དྲུག་པ། ཕུང་པོ་སྲེག་པའི་ལེའུ་ཉེར་བདུན་པ། སྤྱོད་ལས་སེམས་ཉིད་ལ་དོར་བའི་ལེའུ་ཉེར་བརྒྱད་པ། ལམ་ཉམས་སུ་ལེན་པའི་འབྲས་བུ་དང་བཅས་པའི་ལེའུ་ཉེར་དགུ་པ། འཁོར་གྱིས་བསྟོད་ཅིང་སྟོན་པས་གདམས་པའི་ལེའུ་སུམ་ཅུ་ཐམ་པ་བཅས་ཀྱི་བདག་ཉིད་ཅན་ཞིག་གོ །
Domain ཆོས་ལུགས།