82721

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫུ་འཕྲུལ་མངོན་པར་ཤེས་པ་ (1)
Part of speech མིང་ཚིག
Definition མངོན་ཤེས་དྲུག་གི་ཡ་གྱལ་ཞིག་སྟེ། རྫུ་འཕྲུལ་ལ་གོམས་འདྲིས་མཐར་ཕྱིན་ནས་དེ་ལ་དབང་ཐོབ་པས་འབར་བ་དང༌། འཕུར་བ་དང༌། མང་ཉུང་དང༌། བཟང་ངན་དང༌། ཆུ་ལ་འགྲོ་ཞིང་ས་ལ་བྱིང་བ་ལ་སོགས་པ་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པ་མི་འདྲ་སྟོན་པའི་ནུས་པའོ། །དེ་ཡང་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞིན་དུ་རྣམ་པར་གྲོལ་བའི་ལམ་གྱི་ཤེས་རབ་ཀྱི་རང་བཞིན་ཡིན་ནོ། །དེའི་ངོ་བོ་ནི་དགེ་བ་འབའ་ཞིག་ཡིན་ལ། ཤེས་པ་བཅུ་ལས་ཀུན་རྫོབ་ཤེས་པའི་བདག་ཉིད་ཡིན་ཏེ། ཟག་བཅས་ཁོ་ན་ཡིན་པའི་ཕྱིར་རོ། །འདི་ནི་བསམ་གཏན་བཞིའི་ས་པ་ཡིན་ཏེ། བསམ་གཏན་ཁྱད་པར་ཅན་གྱི་ས་པ་མ་ཡིན་ཏེ་ལྷག་མཐོང་ཤས་ཆེ་བས་ལམ་སླ་བ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་གཟུགས་མེད་ན་མེད་དེ། གཟུགས་ལ་དམིགས་པའི་ཕྱིར་རོ། །རྫུ་འཕྲུལ་མངོན་པར་ཤེས་པ་འདིའི་སྤྱོད་ཡུལ་ནི་རང་ས་དང་ས་འོག་མར་འགྲོ་བའམ་སྤྲུལ་པར་བྱེད་ཀྱི་གོང་དུ་ནི་མ་ཡིན་ནོ། །འདི་དྲན་པ་ཉེར་གཞག་བཞི་ལས་ལུས་དྲན་པ་ཉེར་གཞག་ཡིན་ཏེ། དེས་སྒྲ་མ་གཏོགས་པའི་གཟུགས་དྲི་རོ་རེག་བྱ་བཞི་ལ་དམིགས་པའི་ཕྱིར་རོ། །
Domain ཆོས་ལུགས།