82733

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫུ་འཕྲུལ་ལྡན་པའི་ལྷ་བརྒྱད་ (1)
Part of speech མིང་ཚིག
Definition བོན། ཀུན་དབྱིངས་སྐུ་ལྔ་ལྷ་དགུ་ལས་ལྷ་ཆེན་མཁའ་འགྱིང་དཀར་པོའི་བཀའ་འཁོར་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། ལྷ་ཆེན་དེ་ཡི་བཀའ་འཁོར་ནི། །རྫུ་འཕྲུལ་ལྡན་པའི་ལྷ་བརྒྱད་དེ། །ཞེས་སོ། །བརྒྱད་ནི། ལྷ་ཆེན་ཁྲི་འོད་དཀར་པོ། ལྷ་ཆེན་ཁྲི་རྒྱལ་ཁུག་པ། ལྷ་ཆེན་ཁྲི་འོད་གསལ་འབར། ལྷ་ཆེན་ཀུན་འོད་སྒྲོན་མ། ལྷ་ཆེན་མུ་ཡང་བདེ་བ། ལྷ་ཆེན་མུ་རྒྱུང་མཐའ་ཡས། ལྷ་ཆེན་མུ་སངས་དགུང་རྒྱལ། ལྷ་ཆེན་མུ་མེད་མཐའ་ཡས་དང་བརྒྱད་དོ། །དེ་དག་གི་སྐུ་མདོག་ཆ་ལུགས་སོགས་ཡིག་ཚོགས་མང་རྐྱེན་འདིར་མ་བྲིས་ལ། གཟི་བརྗིད་པོད་གསུམ་པར་གཟིགས།
Domain ཆོས་ལུགས།