82830

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫོགས་པའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཚན་བཅས་ཀྱི་རྣལ་འབྱོར་གསུམ་ལས་གསུམ་པ་སྟེ། འདིའི་དོན། དཀོན་ཅོག་འགྲེལ་ལས། རྫོགས་པའི་རྣལ་འབྱོར་ནི་ཆུ་དྭངས་པའི་ནང་དུ་གཟུགས་བརྙན་འཆར་བ་རྩོལ་བ་མེད་པ་བཞིན། རང་བཞིན་དག་པའི་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་རྫོགས་པར་འཕྲུལ་ལོ། །(བྱིན་གྱིས་བརླབས་པའི། ཡོངས་སུ་བརྟགས་པའི། རྫོགས་པའི་) རྣལ་འབྱོར་འདི་གསུམ་གྱིས་ནི་གསང་སྔགས་མཐའ་དག་བསྡུས་པར་ཤེས་པར་བྱའོ། །ཞེས་དང་། འོད་གསལ་སྙིང་པོ་ལས། ཆུ་དྭངས་པར་གཟུགས་བརྙན་འཆར་བ་རྩོལ་བ་མེད་པ་བཞིན་རང་བཞིན་དག་པར་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་རྫོགས་པ་གསུམ་པ་(རྫོགས་པའི་རྣལ་འབྱོར་)སྟེ། འདི་གསུམ་གྱིས་སྔགས་མཐའ་དག་བསྡུས་ཤིང་། དེར་མ་ཟད། མཚན་ཉིད་ཐེག་པ་ཉན་ཐོས་སེམས་ཙམ་དབུ་མ་ཡང་བསྡུས་པ་རྣམ་སྣང་སྒྱུ་དྲྭ་ལས་གསུངས་པ་བཞིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།