82876

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྫོགས་སྨིན་སྦྱངས་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། སྨོན་ལམ་རྫོགས་པ་དང་། སེམས་ཅན་སྨིན་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་བ་ཞིག་ལ་རྫོགས་སྨིན་སྦྱངས་གསུམ་ཟེར། རྫོགས་སྨིན་སྦྱངས་གསུམ་བྱེད་ཚུལ་ནི། པཎ་ཆེན་སྤྱི་དོན་ལས། རང་གི་ལུགས་ནི། ལོངས་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་ཆེད་དུ་དམ་བཅས་པའི་སྨོན་ལམ་གྱི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ། ལོངས་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་ཆེད་དུ་དམ་བཅས་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་དང། སྤྲུལ་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་ཆེད་དུ་དམ་བཅས་པའི་སྨོན་ལམ་གྱི་རྒྱུའི་དགེ་བའི་རྩ་བའི་ནུས་པ་ཡོངས་སུ་རྫོགས་པ་དེ། སྤྲུལ་སྐུའི་ཞིང་ཁྱད་པར་ཅན་གྱི་གདུལ་བྱའི་ཆེད་དུ་དམ་བཅས་པའི་སྨོན་ལམ་ཡོངས་སུ་རྫོགས་པའི་ཚད་དང། ཞིང་བྱེ་བ་ཕྲག་བརྒྱར་སྐུའི་བཀོད་པ་གྲངས་དེ་སྙེད་དང། སྐུ་རེ་རེའི་འཁོར་དུ་སེམས་ཅན་དཔག་ཏུ་མེད་པ་ལ་ཆོས་ཚིགས་སུ་བཅད་པ་རེ་རེ་བསྟན་པས་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པའི་རྒྱུའི་དགེ་རྩ་ཡོངས་སུ་བསགས་ཟིན་པ་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱས་པའི་ཚད་དང། རང་གང་དུ་སངས་རྒྱས་འགྱུར་གྱི་ལོངས་སྤྲུལ་གཉིས་ཀྱི་ཞིང་ཁྱད་པར་ཅན་འགྲུབ་པའི་རྒྱུའི་དགེ་བའི་རྩ་བའི་ནུས་པ་མཐུ་ཅན་དུ་སོང་བ་དེ་སངས་རྒྱས་ཀྱི་ཞིང་སྦྱངས་པའི་ཚད་ཡིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།