82904
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབས་ཉེར་གསུམ་པ། འཕན་ཡུལ་དུ་གྭ་ཟིའི་རིགས་སུ་སྐུ་འཁྲུངས། མེ་མོ་བྱ་ཕྱི་ལོ་ ༡༦༥༧ ལོར་སྟག་ལུང་གི་གདན་སའི་ཁྲི་ལ་བཞུགས་པ་དང་། ས་བྱ་ཕྱི་ལོ་ ༡༦༦༩ ལོར་དབོན་བཀྲིས་ཆོས་རྒྱལ་ལ་གདན་ས་གཏད་དེ་ཁྲི་ལས་བཟུར་ནས་ཆོས་རྫོང་རྣམ་རྒྱལ་རབ་བརྟན་དུ་བཞུགས་པས་མཚན་ལའང་རྫོང་ཞབས་དྲུང་དུ་ཐོག།། འདིའི་སྐབས་སྟག་ལུང་དུ་གདུང་རྒྱད་ཁུ་བོན་རྣམས་ནང་འཁྲུགས་ཁྲི་རྩོད་བྱས་ཚུལ་སོགས་ལོ་རྒྱུས་ཁག་ཏུ་འཁོད་པ་ལས་འཁྲུངས་འདས་ལོ་ཚིག་སོགས་ཞིབ་ཕྲའི་རྣམ་ཐར་ས་བོན་ནི་མ་རྙེད། |