82972

From Rangjung Yeshe Wiki - Dharma Dictionary
< Dictionaries‎ | Monlam Grand
Revision as of 16:36, 14 September 2021 by Jeremi (talk | contribs) (CSV import MGD Import Part 6)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བའི་པའི་མེ་བྱི་ཕྱི་ལོ་ ༡༨༡༦ ལོར་འཁྲུངས། ཆུང་དུས་ནས་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་ནས་ཁྲིར་མངའ་གསོལ། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་བཞེས། སེར་བྱེས་གྲྭ་ཚང་གི་ཆོས་གྲྭར་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་རྨད་བྱུང་ཐོས་བསམ་མཛད། ཉེར་དགུ་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོའི་ཧོར་ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་སྲིད་སྐྱོང་གི་འགན་བཞེས། ཆབ་སྲིད་ལོ་ངོ་བཅུ་གཅིག་རིང་བསྐྱངས། རབ་བྱུང་བཅུ་བཞི་པའི་ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོར་རྒྱལ་བ་མཁས་གྲུབ་རྒྱ་མཚོ་གློ་བུར་དུ་སྐུ་གཤེགས། རྭ་སྒྲེང་གིས་སླར་ཡང་སྲིད་སྐྱོང་རྒྱལ་ཚབ་མཛད། རྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་ཁྲི་འདོན་དང་རབ་བྱུང་གི་སྡོམ་པ་ཕུལ། གོར་ཥའི་བཙན་ཤུགས་ལ་མ་བཟོད་པར་གོར་དཔོན་ལྷ་སར་བཅའ་སྡོད་ཆོག་པའི་དབང་ཆ་འགའ་རེ་སྤྲད་དགོས་བྱུང་། བཤད་སྒྲ་དབང་ཕྱུག་རྒྱལ་གོ་ས་བླངས་ནས་གནས་དབྱུངས་བཏང་། རབ་བྱུང་བཅུ་བཞི་པའི་ཆུ་ཁྱི་ཕྱི་ལོ་ ༡༨༦༢ ལོར་འབྲས་སྤུངས་རིགས་གྲྭའི་གཏོང་སྒོ་ཆག་པ་རྐྱེན་གྱིས་གསང་སྟབས་ཀྱིས་སྲིད་སྐྱོང་གི་ཐམ་ག་བསྣམས་ཏེ་རྒྱ་ནག་ཏུ་བྱོལ། རབ་བྱུང་བཅུ་བཞི་པའི་ཆུ་ཕག་ཕྱི་ལོ་ ༡༨༦༣ ལོར་རྒྱ་ནག་ནས་བོད་དུ་ཕེབས་ལམ་དུ་སྐུ་གཤེགས། སྐུ་གཤེགས་རྗེས་བོད་གཞུང་ནས་སྒོས་གཞིས་དང་བཅས་པ་རྭ་སྒྲེང་དགོན་པར་རྩིས་སྤྲད། རྭ་སྒྲེང་སྐུ་ཕྲེང་གསུམ་པ་ཡིན།